བོད་ལྗོངས།
མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྲུང་སྐྱོང་ཡག་པོ་བྱས་པ།

    ——ཉིང་ཁྲི་གྲོང་ཁྱེར་གྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱས་པའི་སྐོར་བཀོད་པ།

    ལྗང་མདོག་གི་སྣོད་བཅུད་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་པར་བྱས་པ།

    བསམ་བློའི་འགག་སྒོ་སྤྱི་དམ་པོར་བཟུང་བ་ནས་འགོ་བཙུགས་ཏེ། ཉིང་ཁྲི་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་41གི་གསུང་བཤད་ཀྱི་དགོངས་དོན་བརྗོད་དོན་གཙོ་བོའི་སློབ་གསོའི་ངེས་སྦྱོང་གི་སློབ་ཚན་ནང་བཅུག་ནས་འགོ་ཁྲིད་ལས་བྱེད་པའི་གཅིག་སྡུད་བགྲོ་གླེང་སློབ་སྦྱོང་དང་། ལས་རིགས་ཁོངས་གཏོགས་མི་སྣའི་ལག་ལེན་སློབ་སྦྱོང་། རིགས་གཅིག་མཁས་ཅན་གྱི་ཆེད་དོན་ཟུར་ཁྲིད་སློབ་སྦྱོང་སོགས་ཀྱི་བྱེད་སྟངས་སྤྱད་ནས་རྒྱ་ཆེའི་ལས་བྱེད་པས“སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་ནི་ཐོན་སྐྱེད་ནུས་ཤུགས་སྲུང་སྐྱོང་བྱེད་པ”དང་། “སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་བརྟན་པོར་འཛུགས་རྒྱུའི་སློབ་གསོ་ཁྲིད་སྟོན་བྱེད་པ་དང་། སྣོད་བཅུད་སྲུང་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་རང་རྟོགས་ངང་འཁུར་ཏེ། “སྣོད་བཅུད་ཉམས་ཞན་གྱི་ས་མཐོ་སྲུང་སྐྱོང་བྱ་རྒྱུ་དེ་ཉིད་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས”དང་། ཉིང་ཁྲིའི“མདུན་གྲལ་དུ་སྐྱོད་པ་ལྔའི”མཛུབ་སྟོན་གལ་ཆེན་གྱི་བླང་བྱ་ལག་བསྟར་ཧུར་ཐག་བྱས་ཡོད།

    སྣོད་བཅུད་འཛུགས་སྐྱོང་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ།

    ཉིང་ཁྲི་གྲོང་ཁྱེར་གྱིས“ཅན་གཉིས་དང་དམག་འཐབ་གཅིག”བརྒྱུད། སྣོད་བཅུད་ཁོར་ཡུག“མཐའ་མཇུག་གི་བཅོས་སྐྱོང”ནས“དུས་འགོའི་སྲུང་སྐྱོང”ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་བཏང་སྟེ། སྣོད་བཅུད་སྲུང་ཡོལ་ནུས་ཤུགས་ཡོད་རྒུས་བཙུགས་པ་རེད།

    བྱེད་པོའི་ནུས་པའི་ཁུལ་གྱི་འཐབ་ཇུས་ཅན་ལག་བསྟར་བྱས་ཤིང་། ཉིང་ཁྲི་གྲོང་ཁྱེར་གྱིས་སྔ་རྗེས་སུ《ཉིང་ཁྲིའི་སྣོད་བཅུད་ས་ཁུལ་གྱི་འཛུགས་སྐྲུན་འཆར་འགོད་དང་ལག་བསྟར་ཇུས་གཞི》དང《ཉིང་ཁྲིའི་སྣོད་བཅུད་ཤེས་དཔལ་གྱི་སྔོན་བསྟར་དཔེ་སྟོན་ཁུལ་གྱི་ལག་བསྟར་ཇུས་གཞི》བཟོས་ནས་བཏོན་པ་དང་། གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས)5རྒྱལ་ཁབ་ཀྱི་གཙོ་གནད་སྣོད་བཅུད་ནུས་པའི་ཁུལ་ནང་བཅུག་ཅིང་། དེས་གྲོང་ཁྱེར་ཡོངས་ཀྱི་སྐམ་སའི་རྒྱ་ཁྱོན་གྱི་86.8%བཟུང་ཡོད། རང་བྱུང་སྲུང་སྐྱོང་ཁུལ་དང་། རྒྱལ་ཁབ་ནགས་ཚལ་སྤྱི་གླིང་། རྒྱལ་ཁབ་འདམ་རའི་སྤྱི་གླིང་། རྒྱལ་ཁབ་ས་གཤིས་སྤྱི་གླིང་བཅས་11གི་སྲུང་སྐྱོང་དང་འཛུགས་སྐྲུན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་གསར་སྤེལ་བྱེད་མི་ཆོག་པའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་387ཟིན་པ་དེས་གྲོང་ཁྱེར་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་33.15%བཟུང་ཡོད་པ་རེད།

    རྒྱལ་ཁབ་ས་ཆའི་སྔོ་ལྗང་འདུ་འགོད་ལ་སྐུལ་འདེད་བཏང་ཞིང་། ཉིང་ཁྲི་གྲོང་ཁྱེར་གྱིས་རྒྱལ་ཁབ་ས་ཆའི་སྔོ་ལྗང་བྱ་སྤྱོད་ཤུགས་ཆེན་སྤེལ་བ་དང“ལྗོན་ཤིང་མེད་པའི་ཤང་གྲོང་དང་། ལྗོན་ཤིང་མེད་པའི་དུད་ཚང་། ལྗོན་ཤིང་མེད་པའི་སྒོ་ར”བཅས་མེད་པར་བཟོ་བའི་བྱེད་སྒོ་སྤེལ་ཏེ། ནགས་བཟོ་སྔོ་འགྱུར་མུའུ་ཁྲི་3.42དང་བྱེ་འགོག་བྱེ་བཅོས་མུའུ་ཁྲི་2.37བྱས་པས་གྲོང་ཁུལ་དུ་སྔོ་ལྗང་ཁེབས་ཚད་དང་སྔོ་ས་ཁེབས་ཚད་42.55%དང་41.95%སོ་སོར་ཟིན་ཡོད་པ་རེད།

    ལྗང་མདོག་འཕེལ་རྒྱས་མཉམ་འདྲེས་གཏིང་ཟབ་བྱུང་བ།

    ཉིང་ཁྲི་གྲོང་ཁྱེར་གྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་མཉམ་འདྲེས་གཏིང་ཟབ་མ་བྱུང་བའི་གནད་དོན་ལ་དམིགས་ནས། དམིགས་བསལ་ས་ཁུལ་སྔོན་ལ་འཕེལ་རྒྱས་གཏོང་བ་དང་སྔ་སྣུར་དུ་འཕེལ་རྒྱས་གཏོང་བའི་འདུ་ཤེས་བརྟན་པོ་བཙུགས་ཏེ། ཐོན་ལས་སྣོད་བཅུད་ཅན་དང་སྣོད་བཅུད་ཐོན་ལས་ཅན་ལ་སྐུལ་འདེད་བཏང་བས་ལྗང་མདོག་ཐོན་ལས་འཕེལ་རྒྱས་གཞི་ཁྱོན་ལྡན་པ་དང་། ཆུ་ཚད་དུ་སླེབས་པ། མདུན་གྲལ་དུ་སླེབས་པ་བཅས་བྱུང་ཡོད།

    ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ཞིང་། “རྒྱུད་གཅིག་དང་རྟེན་གཞི་བཞི”འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་གཏོང་བ་དང་། “རྒྱལ་ཡོངས་ཀྱི་བོད་ཕག་གི་ཕ་ཡུལ”གཏོད་རྒྱུར་དམིགས་ནས་བོད་ཕག་གསོ་ཚགས་ཚད་ལྡན་ཅན་གྱི་རྒྱུད་སྤེལ་ར་བ་14བཙུགས་ཏེ། བོད་ཕག་གསོ་ཚགས་ཀྱི་གཞི་ཁྱོན་ཟམ་མི་ཆད་པར་རྒྱ་ཆེར་བཏང་བ་དང་ས་མཐོའི་སྐྱེ་ལྡན་ཇ་ལོའི་སྤུས་རྟགས་གཏོད་རྒྱུར་དམིགས་ཏེ་གཞི་ཁྱོན་ཟམ་མི་ཆད་པར་ཆེ་རུ་བཏང་ཞིང་། སྤུས་ཚད་ལེགས་གཏོང་དང་། སྤུས་རྟགས་སྐད་གྲགས་ཆོད་པར་བྱས་ཏེ་ཇ་ལོ་འདེབས་ཁྱོན་མུའུ་ཁྲི་4.5ཟིན་པར་བྱས་པ་རེད།

    ལེགས་ལྡན་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་བཏང་ཞིང་། “ཡུལ་སྐོར+”དང་། “+ཡུལ་སྐོར”ལག་བསྟར་གཏིང་ཟབ་བྱས་ཏེ་ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་ལྟ་སྐོར་ཉམས་ལེན་གྱི་ལས་དོན་འབོར་ཆེན་སྤེལ་བ་དང་། དོན་སྙིང་གཏིང་ཟབ་ལྡན་པའི་ལོ་རྒྱུས་རིག་གནས་དང་མི་རིགས་རིག་གནས་སྔོག་འདོན་གཏིང་ཟབ་བྱས་པ། ས་ཁོངས་ཀྱི་ཁྱད་ཆོས་ལྡན་རིགས་ཀྱི་ཞུགས་པའི་རང་བཞིན་དང་། རོལ་རྩེད་རང་བཞིན། ཕན་སྐུལ་རང་བཞིན་བཅས་ཀྱི་རིག་གནས་ཡུལ་སྐོར་རྣམ་གྲངས་སྐྱེད་སྲིང་ཧུར་ཐག་བྱས་ཏེ་སྣོད་བཅུད་ཡུལ་སྐོར་ལས་རིགས་ཀ་རྟེན་དུ་བྱས་པ་དང་ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་དང་། བོད་ཀྱི་གསོ་བ་རིག་པའི་ལས་རིགས། རིག་གནས་ཐོན་ལས་སོགས་ཁ་གསབ་ཏུ་བྱས་པའི་ཐོན་ལས་ཆེ་མོའི་རྣམ་པ་ཟམ་མི་ཆད་པར་བཏོད་པ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001387329861