བོད་ལྗོངས།
བོད་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་གནས་སྐབས་ཡུལ་སྐོར་བ་སྣེ་ལེན་ཞུ་མཚམས་བཞག་པ།

    བོད་རང་སྐྱོང་ལྗོངས་ཀྱི་ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཚབས་ཆེན་གྱི་བརྡ་ལན་རིམ་པ་གཉིས་པའི་བླང་བྱ་གཞིར་བཟུང་། ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་ཆེད། ཟླ་1ཚེས་27ཉིན་ནས་བཟུང་། བོད་ཀྱིས་ལྗོངས་ཡོངས་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཁག་ཏུ་གནས་སྐབས་ཡུལ་སྐོར་བ་སྣེ་ལེན་ཞུ་མཚམས་བཞག་པ་དང་། ཡུལ་སྐོར་མཛེས་ལྗོངས་ཁུལ་སྒོ་ག་དུས་འབྱེད་མིན་ལོགས་སུ་བརྡ་ཐོ་གཏོང་རྒྱུ་རེད།

    བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས་གྲོང་ཁྱེར(ས་ཁུལ)ཁག་གིས་ཁོངས་གཏོགས་ས་ཆ་དོ་དམ་གྱི་རྩ་དོན་གཞིར་བཟུང་། ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་གནས་སྐབས་ཡུལ་སྐོར་བ་སྣེ་ལེན་ཞུ་མཚམས་འཇོག་པའི་ལས་ཀའི་བྱ་ཐབས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། ཡུལ་སྐོར་བར་འགྲེལ་བཤད་རྒྱག་པའི་ལས་དོན་ཏན་ཏིག་སྒྲུབ་པ། མཛེས་ལྗོངས་ཁུལ་དུ་ལྟ་སྐོར་བྱེད་མ་ཐུབ་པའི་རྐྱེན་གྱིས་སྒོ་འཛིན་སློག་དགོས་པ་སོགས་ཀྱི་ཞབས་ཞུའི་ལས་དོན་ཁག་ཡག་པོ་སྒྲུབ་པ་བཅས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཕོ་བྲང་པོ་ཏ་ལ་དང་། ལྷ་ལྡན་གཙུག་ལག་ཁང་། ར་མོ་ཆེ་གཙུག་ལག་ཁང་། བཀྲ་ཤིས་ལྷུན་པོ་དགོན་སོགས་བོད་ཀྱི་གྲགས་ཅན་ཡུལ་སྐོར་མཛེས་ལྗོངས་ཁུལ་མང་པོ་ཞིག་གིས་ཆ་འཕྲིན་ཡོངས་བསྒྲགས་བྱས་ཏེ་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་མཚམས་འཇོག་རྒྱུའི་ཁྱབ་བསྒྲགས་བྱས་ཡོད་པ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001387544951