བོད་ལྗོངས།
བོད་ཀྱི་གནམ་གཤིས་བྱ་གཞག་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

    ཚེས་20ཉིན་གྱི་ཕྱི་དྲོར། རྒྱལ་སྤྱིའི་གནམ་གཤིས་ཉིན་མོའི་སྔ་ནུབ་ཏུ། བོད་ཀྱི་གནམ་གཤིས་བྱ་གཞག་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་བའི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་། ཙུང་ལི་ལེ་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན། ཙུང་ལི་གཞོན་པ་ཧུའུ་ཁྲོན་ཧྭ་ཡི་གསུང་བཤད་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཀྲུའུ་ཞི་ཆེ་དགྲ་ལྷའི་མཆན་བཀོད་མཛུབ་སྟོན་བརྒྱུད་བསྒྲགས་བྱས་པ། ཀའོ་ཧྥུན་བོད་ལྗོངས་ལྟེ་གནས་ཀྱི་དྲིལ་བསྒྲགས་པར་གཞིར་བལྟས་པ་དང་སྦྲགས་གནམ་གཤིས་བྱ་གཞག་སྐོར་གྱི་ལས་དོན་སྙན་སེང་ཡང་ཉན་པ་རེད།

    ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཀྱི་གནམ་གཤིས་སྡེ་ཚན་གྱིས་རྒྱལ་ཁབ་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་ཁ་ཕྱོགས་ལ་དམ་པོར་དམིགས་ཏེ། དགོས་མཁོ་དང་དམིགས་ཚད་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་བྱས་ནས་དུས་རབས་གསར་པའི་བོད་ཀྱི་གནམ་གཤིས་བྱ་གཞག་གི་སྤུས་ཚད་མཐོ་བས་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་གཏོང་ཆེད། ཐུན་མོང་གི་ངོས་འཛིན་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས་པ་དང་། གནམ་གཤིས་ཀྱི་གེགས་འགོག་གེགས་སེལ་གྱི་འགོག་སྲུང་འཛིང་རགས་ཨང་དང་པོའི་ནུས་པ་སྔར་བས་ལྷག་པ་བཏོན་ཏེ། ལྗོངས་ཡོངས་ཀྱི་འཕེལ་རྒྱས་དང་། བརྟན་ལྷིང། སྣོད་བཅུད་བཅས་ཀྱི་ལས་དོན་ཁག་ལ་གནམ་གཤིས་ཀྱི་འགན་ལེན་ནུས་ལྡན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001389108051