བོད་ལྗོངས།
བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་བདེ་ཐང་ལུས་གསོའི་ཡུལ་སྐོར་དང་ལྗང་མདོག་ཡུལ་སྐོར་དཔེ་སྟོན་རྟེན་གཞི་ཁག་དང་པོ་སྐྲུན་འགོ་ཚུགས་པ།

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་3ཚེས་23ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་ནས་ཤེས་རྟོགས་བྱས་པར། ཡུལ་སྐོར་གྱི་ལས་རྣམ་གསར་པ་དང་རྣམ་པ་གསར་པའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ས་མཐོའི་བདེ་ཐང་ལུས་གསོའི་ལྗང་མདོག་ཐོན་ལས་འཕེལ་རྒྱས་ལ་ཚད་བརྒལ་གསར་པ་ཐུབ་ཆེད། ཉེ་ཆར། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་བདེ་ཐང་ལུས་གསོའི་ཡུལ་སྐོར་དང་ལྗང་མདོག་ཡུལ་སྐོར་རྟེན་གཞི་ཁག་དང་པོ་བསྐྲུན་འགོ་ཚུགས་པ་དང་དཔེ་སྟོན་གྱི་ཚོད་ལྟའི་རྟེན་གཞི་ཁག་དང་པོ་དེ་ས་མཐོའི་དཔྱིད་དཔལ་བཞད་པའི་དུས་སུ་དངོས་སུ་བསྐྲུན་འགོ་ཚུགས་རྒྱུ་རེད།

    ཤེས་རྟོགས་བྱས་པར་གཞིགས་ན། རང་སྐྱོང་ལྗོངས་རིམ་པའི་བདེ་ཐང་ལུས་གསོའི་ཡུལ་སྐོར་དང་ལྗང་མདོག་ཡུལ་སྐོར་དཔེ་སྟོན་རྟེན་གཞི་ཁག་དང་པོ་དེས་བོད་ཀྱི་གསོ་བ་རིག་པ་དང་ལྗང་མདོག་སྣོད་བཅུད་ཐོན་ལས་ཀྱི་ལེགས་ཆར་གང་ལེགས་བརྟེན་ནས་ཡུལ་སྐོར་གཙོ་བོར་བྱེད་པ་དང་བོད་ཀྱི་གསོ་བ་རིག་པའི་སྨན་ལུམ་དང་། ཆུ་ཚན་གྱི་ལུས་གསོ། སོས་དལ་སྤྲོ་གསེང་། ལྗང་མདོག་སྣོད་བཅུད་སོགས་ཁྱད་ལྡན་གྱི་ལས་རྣམ་སྤྱི་འདོམས་ངང་འཕེལ་རྒྱས་བཏང་སྟེ་རིམ་པ་མང་བ་དང་ཁྱབ་ཁྱོན་ཆེ་བའི་མཉམ་འདྲེས་ཅན་གྱི་ཁྱད་ལྡན་ཡུལ་སྐོར་ཁུལ་ཞིག་གཏོད་རྒྱུ་ཡིན་པ་རེད།

    མིག་སྔར། བོད་ཀྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་རིགས་ཀྱི་ཚད་གཞི་དང་ཚད་ལྡན་གཞིར་བཟུང་བཟོས་པའི《བོད་རང་སྐྱོང་ལྗོངས་ཀྱི་བདེ་ཐང་ལུས་གསོའི་ཡུལ་སྐོར་དཔེ་སྟོན་རྟེན་གཞིའི་དཔྱད་བསྡུར་གཏན་འབེབས་དོ་དམ་གྱི་ལག་བསྟར་ཞིབ་སྲོལ(ཚོད་ལྟའི་ལག་བསྟར)》དང《བོད་རང་སྐྱོང་ལྗོངས་ཀྱི་ལྗང་མདོག་ཡུལ་སྐོར་དཔེ་སྟོན་རྟེན་གཞིའི་དཔྱད་བསྡུར་གཏན་འབེབས་དོ་དམ་གྱི་ལག་བསྟར་ཞིབ་སྲོལ(ཚོད་ལྟའི་ལག་བསྟར)》ལ་དཔྱད་ཞིབ་བྱས་ཟིན་པ་དང་འབྲེལ། དངོས་སུ་ཕྱི་ཕྱོགས་སུ་ཁྱབ་བསྒྲགས་བྱས་པ་རེད།

    ཤེས་རྟོགས་བྱས་པར་གཞིགས་ན། ལྷ་ས་གྲོང་ཁྱེར་དང་ཉིང་ཁྲི་གྲོང་ཁྱེར་གྱིས་བོད་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་དང་ཡུལ་སྐོར་གྱི་ལས་རྣམ་གསར་པའི་འཕེལ་རྒྱས་ཁྲོད་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཐོན་པར་བསམ་བློ་བཏང་སྟེ། རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས་རིམས་ནད་མཇུག་འགྲིལ་རྗེས་སྔོན་ལ་གོང་གི་གྲོང་ཁྱེར་གཉིས་སུ་རང་སྐྱོང་ལྗོངས་རིམ་པའི་བདེ་ཐང་ལུས་གསོའི་ཡུལ་སྐོར་དང་ལྗང་མདོག་ཡུལ་སྐོར་དཔེ་སྟོན་རྟེན་གཞི་ཁག་དང་པོའི་ཚོད་ལྟའི་ལས་དོན་སྤེལ་རྒྱུ་ཡིན་པ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001389147501