བོད་ལྗོངས།
2019ལོར་བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཆུའི་སྤུས་ཚད་100%ཟིན་པ།

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་3ཚེས་23ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་2020ལོའི་བོད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ཚོགས་འདུའི་ཐོག་ཤེས་རྟོགས་བྱུང་བར། བོད་ཀྱིས་འཐུང་ཆུའི་ཆུ་འགོ་སྲུང་སྐྱོང་གི་འགག་སྒྲོལ་དམག་འཐབ་བརྒྱབ་ནས་རྫོང་རིམ་པའི་ས་ངོས་ཀྱི་ཆུ་དང་ཆུ་འགོའི་ཁོར་ཡུག་སྲུང་སྐྱོང་གི་གནད་དོན་བཅོས་སྒྲིག་གི་ལས་འགན་སྔ་སྣུར་དུ་ལེགས་གྲུབ་བྱུང་བ་དང་། 2019ལོར་བོད་ཀྱི་གཙང་པོ་དང་། ཆུ་བོ། མཚེའུ་བཅས་ཀྱི་ཆུའི་སྤུས་ཚད་རིགས་IIIཡི་ཚད་གཞི་ལོན་པའམ་ཡང་ན་དེ་ལས་ལེགས་པ་ཡོད་པ་དང་ས་ཁུལ་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཆུའི་སྤུས་ཚད་100%ཟིན་ཡོད་པ་རེད།

    འཐུང་ཆུའི་སྤུས་ཚད་མི་ཚང་མའི་བདེ་ཐང་དང་འབྲེལ་བ་ཡོད་པས། ཆུ་འགོ་སྲུང་སྐྱོང་ཡག་པོ་ཐུབ་མིན་དེས་འཐུང་ཆུ་གཙང་མ་ཡིན་མིན་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད། བོད་ཀྱིས་ཉེ་བའི་ལོ་ཤས་རིང“མི་ཁྲི་ལ་ཏུན་སྟོང”ཡན་གྱི་གྲོང་གསེབ་འཐུང་ཆུའི་ཆུ་འགོར་བརྟག་དཔྱད་ཚོད་སྐོར་དང་སྲུང་སྐྱོང་ཁུལ་དབྱེ་བའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་འཐུང་ཆུའི་ཆུ་འགོའི་ཁོར་ཡུག་ལྟ་འདོམས་ལ་ཤུགས་སྣོན་བརྒྱབ་པ་རེད།

    ལོ་མང་རིང་། བོད་ཀྱིས་ལོ་ལྟར་ལྗོངས་ཡོངས་ཀྱི་རྫོང(ཆུས)74ཡི་ས་ངོས་ཀྱི་ཆུའི་ཁོར་ཡུག་སྤུས་ཚད་ལ་ལྟ་ཞིབ་ཚད་ལེན་བྱས་ཏེ། ལྷ་ས་གྲོང་ཁྱེར་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོ་བཞི་ཡི་ཆུའི་སྤུས་ཚད་ཟླ་རེར་ལྟ་ཞིབ་ཚད་ལེན་ཐེངས་རེ་བྱེད་པ་དང་། ས་ཁུལ(གྲོང་ཁྱེར)གཞན་དག་གནས་ཡུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཆུའི་སྤུས་ཚད་ལོ་ལྟར་ལྟ་ཞིབ་ཚད་ལེན་ཐེངས་རེ་བྱེད་པ། རྫོང་གྲོང་གི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཆུའི་སྤུས་ཚད་ལ་དུས་ངེས་མེད་ངང་འཐེན་བཤེར་གྱི་སྒོ་ནས་ལྟ་ཞིབ་ཚད་ལེན་བྱེད་པ་བཅས་རེད།

    བོད་རང་སྐྱོང་ལྗོངས་སྣོད་བཅུད་ཁོར་ཡུག་ཐིང་གི་ཐིང་ཀྲང་ནོར་རྒྱས་ཀྱིས་2020ལོར་བོད་ཀྱིས་ཁ་ཕྱོགས་འགྱུར་ལྡོག་མི་གཏོང་བ་དང་ཤུགས་ཚད་ཆུང་དུ་མི་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། སྔོན་འགོག་གཙོ་བོ་བྱ་རྒྱུ་མངོན་གསལ་དོད་དུ་གཏོང་བ་དང་། ཚན་རིག་དང་་མཐུན་ལ་གནད་སྨིན་ངང་སྦགས་བཙོག་བཅོས་སྐྱོང་བྱས་ནས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་དང་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུན་ལེགས་སུ་གཏོང་རྒྱུ་རྒྱུན་འཁྱོངས་ཀྱིས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྣོད་བཅུད་ཁོར་ཡུག་གི་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001389147571