བོད་ལྗོངས།
བོད་ཀྱི་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་བརྟན་པོའི་ངང་ལེགས་སུ་ཕྱིན་པ།

    ཉེ་ཆར་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས། 2019ལོར་བོད་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་དང་སྣོད་བཅུད་མ་ལག་སྤྱིའི་ཆ་ནས་རྒྱུན་མཐུད་བརྟན་པོ་བྱུང་སྟེ། བོད་ནི་སྔར་བཞིན་འཛམ་གླིང་ཐོག་གི་སྣོད་བཅུད་ཁོར་ཡུག་སྤུས་ཚད་ལེགས་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད།

    དེ་ནི་བོད་ཀྱི་2019ལོའི་མཁའ་རླུང་དང་ཆུའི་སྤུས་ཚད་སོགས་ཁོར་ཡུག་གི་དམིགས་ཚད་མང་པོ་གཞིར་བཟུང་ནས་ཕྱོགས་བསྡུས་བརྡར་གཅོད་ལས་བྱུང་བའི་བསྡོམས་ཚིག་ཤིག་རེད། 2019ལོར་བོད་ཀྱི་ཁོར་ཡུག་གི་མཁའ་རླུང་སྤུས་ཚད་སྤྱིའི་ཆ་ནས་ལེགས་པ་རྒྱུན་འཁྱོངས་ཐུབ་པ་དང་། ཁོར་ཡུག་གི་མཁའ་རླུང་ཆ་སྙོམས་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་99.6%ཟིན་ཡོད། ཇོ་མོ་གླང་མའི་ས་ཁོངས་ཁོར་ཡུག་གི་མཁའ་རླུང་སྤུས་ཚད་མུ་མཐུད་ལེགས་པའི་རྣམ་པ་རྒྱུན་འཁྱོངས་ཐུབ་སྟེ་རིམ་པ་དང་པོའི་ཚད་གཞིར་སླེབས་ཡོད། ཆུའི་ཐོན་ཁུངས་ཐད་བོད་ཀྱི་གཙང་པོ་དང་། ཆུ་བོ། མཚོ་བཅས་ཀྱི་ཆུའི་སྤུས་ཚད་སྤྱིའི་ཆ་ནས་ལེགས་པོ་རྒྱུན་འཁྱོངས་བྱུང་ནས་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་བལྟོས་བཅས་ཆུ་ཁོངས་ཀྱི་ཁོར་ཡུག་སྤུས་ཚད་ཀྱི་ཚད་གཞིར་སླེབས་ཡོད། རྫ་ཆུ་དང་། འབྲི་ཆུ། ཡར་ཀླུང་གཙང་པོ། རྒྱལ་མོ་རྔུལ་ཆུ་བཅས་ཀྱི་ཆུ་གཞུང་ཨ་མའི་ཆུའི་སྤུས་ཚད་དེ《ས་ངོས་ཆུའི་ཁོར་ཡུག་སྤུས་ཚད་ཀྱི་ཚད་གཞིའི》རིགས་གཉིས་པའི་ཚད་གཞིར་སླེབས་ཡོད། ས་རྒྱུའི་ཐད་བོད་ཀྱི་ལྗོངས་ཡོངས་ཀྱི་ས་རྒྱུ་ལྟ་སྐུལ་ཚད་ལེན་བྱ་ཡུལ་གྱི་སྦགས་བཙོག་དངོས་པོ་ཁག་གི་གར་ཚད་ཀྱི་གྲངས་ཐང་ཡོངས《ས་རྒྱུའི་ཁོར་ཡུག་སྤུས་ཚད་ཐད་ཀྱི་ཞིང་སྤྱོད་ས་ཆའི་ས་རྒྱུ་སྦགས་བཙོག་གི་ཉེན་ཁ་དོ་དམ་ཚོད་འཛིན་གྱི་ཚད་གཞིའི(ཚོད་ལྟའི་ལག་བསྟར)》ཉེན་ཁ་འདེམས་སྒྲུག་གྲངས་ཐང་གི་བླང་བྱ་དང་མཐུན་པར་བརྟེན། ས་རྒྱུ་ཁོར་ཡུག་གི་སྤུས་ཚད་གནས་སྟངས་དེ་བདེ་འཇགས་ཀྱི་ཆུ་ཚད་དུ་སླེབས་ཡོད་པ་རེད།

    འདས་པའི་ལོ་གཅིག་རིང་། བོད་ཀྱིས་སྣོད་བཅུད་བདེ་འཇགས་སྲུང་ཡོལ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། ས་མཐོའི་སྣོད་བཅུད་ཁོར་ཡུག་གི་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཤིང་།《བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད》ལག་བསྟར་གཏིང་ཟབ་བྱས་པ་དང་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་117དོན་འཁྱོལ་བྱས་ནས། སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་རིགས་ཆེ་གྲས་གསུམ་གྱི་རྣམ་གྲངས་10ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད། གཞན་ཡང་། བོད་ཀྱིས་ད་དུང《བོད་རང་སྐྱོང་ལྗོངས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་འཕེལ་རྒྱས་འཆར་འགོད(2018ལོ་ནས་2030ལོའི་བར)》བཟོ་བཅོས་བརྒྱབ་སྟེ། གཙོ་གནད་སྣོད་བཅུད་བྱེད་ནུས་ཁུལ་གྱི་སྤོ་སྒྱུར་གཏོང་སྤྲོད་དང་སྣོད་བཅུད་ཁ་གསབ་ཀྱི་ལམ་སྲོལ་སྣ་ཚོགས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས་རང་བྱུང་སྣོད་བཅུད་སྲུང་སྐྱོང་གི་ཁྲིམས་འཛིན་དང་ལྟ་འདོམས་ནན་དུ་བཏང་ཡོད་པ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001391334781