བོད་ལྗོངས།
ང་ཚོའི་སྔོ་ཞིང་དྭངས་བའི་རི་ཆུ་སྲུང་སྐྱོང་བྱེད།

     —— བོད་ལྗོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་སྐོར་རགས་ཙམ་བཀོད་པ།

    འདི་ནི་མངའ་རིས་ས་ཁུལ་གྱི་མཚོ་མོ་ངང་ལྷ་རིང་མོའི་རང་བྱུང་སྣོད་བཅུད་སྲུང་སྐྱོང་ཁུལ་ཡིན་པ།

    བོད་ཀྱི་གཡའ་དག་པའི་ཨ་སྔོན་དང་དྭངས་ཤིང་གཙང་བའི་ཆུ་བོར་སྲུང་སྐྱོང་བྱ་ཆེད། རང་སྐྱོང་ལྗོངས་སྣོད་བཅུད་ཁོར་ཡུག་ཐིང་གིས་དགུང་སྔོན་དང་། ཆུ་དྭངས། ས་གཙང་བཅས་ཀྱི་སྲུང་སྐྱོང་དམག་འཐབ་ལ་སྐུལ་སྤེལ་ཏན་ཏིག་བཏང་བས་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གཙོ་བོའི་ཁོར་ཡུག་གི་མཁའ་རླུང་སྤུས་ཚད་ཆ་སྙོམས་ལེགས་ཚད་95%ཡན་ཟིན་པ་མ་ཟད། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ལ་ཕན་འབྲས་བཟང་པོ་ཐོན་ཡོད་པ་རེད།

    ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་ནན་ཏན་བྱས་པ།

    རང་སྐྱོང་ལྗོངས་སྣོད་བཅུད་ཁོར་ཡུག་ཐིང་གིས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་ནན་ཏན་བྱས་ཏེ་ཕྱོགས་ཡོངས་ནས་དགུང་སྔོན་དང་། ཆུ་དྭངས། ས་གཙང་བཅས་ཀྱི་སྲུང་སྐྱོང་དམག་འཐབ་ཡག་པོ་བརྒྱབ་པས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་གྱི་རྣམ་པ་གསར་པ་བཏོད་ཡོད།

    ཆུ་དྭངས་ཆུ་མོའི“རིམ་སྤོར་དམག་འཐབ”ཀྱི་ཐད། 《འཐུང་ཆུའི་ཆུ་ཁུངས་སྲུང་སྐྱོང་གི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་སྤྱོད་ཇུས་གཞི》བཟོས་ནས་བཏོན་པ་དང་། གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་གཙང་གསིང་གི་ཚོད་ལྟའི་ས་ཚིགས་བསྐྲུན་ཡོད་པ་རེད། མིག་སྔར་གཙང་པོ་དང་། ཆུ་བོ། མཚོ་བཅས་གཙོ་བོའི་ཆུའི་སྤུས་ཚདⅢརིགས་ཀྱི་ཆུ་ཁོངས་ཚད་གཞིར་སླེབས་པའམ་ཡང་ན་དེ་ལས་ལྷག་པ་ཡོད་པ་མ་ཟད། འཐུང་ཆུའི་ཆུ་ཁུངས་ཀྱི་ཆུ་སྤུས་ལེགས་པ་དང་ལྗོངས་ཡོངས་སུ་རྙོག་ཆུ་དང་རུལ་ཆུ་མེད་པ་རེད།

    ས་གཙང“གཡུལ་སའི་དམག་འཐབ”ཀྱི་ཐད། ཞིང་སྤྱོད་ས་ཞིང་གི་ས་རྒྱུའི་སྦགས་བཙོག་གནས་ཚུལ་ལ་ཞིབ་བཤེར་དང་གྲུབ་འབྲས་ཕྱོགས་བསྡུས་ལེགས་གྲུབ་ཟིན་ནས་གཙོ་གནད་ལས་རིགས་ཁེ་ལས་ཀྱི་ས་ཆར་བརྟག་དཔྱད་དང་ལྕི་བའི་ལྕགས་རིགས་ཀྱི་སྦགས་བཙོག་སྔོན་འགོག་དང་ཚོད་འཛིན་གྱི་གཙོ་གནད་ལས་དོན་ལ་རང་བཤེར་བྱས་ནས་ལྕི་བའི་ལྕགས་རིགས་དང་འབྲེལ་བའི་ཁེ་ལས་རྣམ་གྲངས་ཀྱི་ལྟ་འདོམས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ་རེད།

    སྣོད་བཅུད་ཤེས་དཔལ་གྱི་དཔེ་སྟོན་གཏོད་པའི་ལས་དོན་ཤུགས་ཆེན་སྤེལ་བ།

    རང་སྐྱོང་ལྗོངས་སྣོད་བཅུད་ཁོར་ཡུག་ཐིང་གིས་ད་དུང་སྣོད་བཅུད་ཤེས་དཔལ་དཔེ་སྟོན་གཏོད་པའི་ལས་དོན་སྤེལ་ཞིང་། ཆབ་མདོ་གྲོང་ཁྱེར་དང་འདམ་གཞུང་རྫོང་ལ་ཁག་གསུམ་པའི་རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གྲོང་ཁྱེར་དང་རྫོང་གི་མཚན་སྙན་གནང་བ་དང་། ལྷུན་རྩེ་རྫོང་ལ“དྭངས་ཤིང་གཙང་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན”པའི་ལག་ལེན་གསར་གཏོད་རྟེན་གཞི་ཞེས་པའི་མིང་བཏགས་ཏེ་གྲོང་ཚོ(གྲོང་ལྷན)1215དང་། ཤང་གྲོང་67 རྫོང་ཆུས་5བཅས་ལ་རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་དཔེ་སྟོན་ཁུལ་གཏོད་པའི་ཞིབ་དཔྱད་ཐུབ་ཡོད།“བོད་ཀྱིས་ཀྲུང་དབྱང་གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གནད་དོན་དག་ཐེར་ལ་མུ་མཐུད་སྐུལ་འདེད་བཏང་ཞིང་། མིག་སྔའི་བར། ལྗོངས་ཡོངས་ཀྱི་དག་ཐེར་ལས་འགན་45དང་ཞིབ་ཕྲའི་བྱེད་ཐབས་179ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་དཔྱད་ཞིབ་ཐད། དཔྱད་ཞིབ་ཀྱི་བྱ་དགའ་ཆད་གཅོད་ཀྱི་མ་དངུལ་སྒོར་ཁྲི་8400དོན་འཁྱོལ་བྱས་ཡོད”ཅེས་རང་སྐྱོང་ལྗོངས་སྣོད་བཅུད་ཁོར་ཡུག་ཐིང་གི་འབྲེལ་ཡོད་འགན་འཁུར་བས་བརྗོད།

    སྦགས་བཙོག་འགོག་བཅོས་ཀྱི་ས་གནས་ཁྲིམས་འཛུགས་ལས་དོན་ལ་ཤུགས་སྣོན་རྒྱག་པ།

    ངོ་སྤྲོད་བྱས་པར་གཞིགས་ན། གོམ་སྟབས་རྗེས་མར། རང་སྐྱོང་ལྗོངས་སྣོད་བཅུད་ཁོར་ཡུག་ཐིང་གིས་རྡོ་སོལ་ཁྲོ་ཐབ་ཕྱོགས་བསྡུས་བཅོས་སྒྲིག་དང་ཁྲའེ་ཡིའུ་སྣུམ་གྱི་ཟོག་འཁོར་གྱི་སྦགས་བཙོག་ལ་བཅོས་སྒྲིག་བྱ་རྒྱུ་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་ཧུར་ཐག་བཅག་ནས་དྲོད་ཁང་ནས་རླངས་པ་འབུད་ཚད་ཉུང་གཏོང་ལ་ཤུགས་སྣོན་བརྒྱབ་ནས《བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་དྲོད་ཁང་གི་རླངས་པ་འབུད་གཏོང་ལ་ཚོད་འཛིན་བྱེད་པའི་ལས་དོན་གྱི་ཇུས་གཞི》དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་གནམ་གཤིས་འགྱུར་ལྡོག་གི་ལས་དོན་ལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།

    དེ་དང་ཆབས་ཅིག་ད་དུང་ཆུའི་སྦགས་བཙོག་འགོག་བཅོས་བྱ་སྤྱོད་འཆར་གཞི་ལག་བསྟར་བྱས་ནས་འཐུང་ཆུའི་ཆུ་ཁུངས་ཀྱི་ཁོར་ཡུག་ལྟ་འདོམས་ལ་ཤུགས་སྣོན་བརྒྱབ་ནས“ལོ་ལྔ་ཚན་བཅུ་བཞི་པའི”རིང་ས་ངོས་ཆུའི་རྒྱལ་ཁབ་རིམ་པའི་བརྟག་དཔྱད་ལྟ་སྐུལ་གྱི་བཀོད་སྒྲིག་ལེགས་གྲུབ་བྱ་རྒྱུ་རེད། གཙོ་གནད་ལས་རིགས་ཁེ་ལས་ཀྱི་ས་སྤྱོད་བརྟག་ཞིབ་ལེགས་གྲུབ་བྱས་ནས་ས་རྒྱུའི་སྦགས་བཙོག་གནས་བབ་ཀྱི་ཞིབ་བཤེར་ཞིབ་ཚགས་བྱས་འབྲས་ཕྱོགས་བསྡུས་ཀྱིས་རྒྱལ་ཁབ་ལ་ཞིབ་བཤེར་གཏན་འབེབས་བྱ་རྒྱུར་གོང་ཞུ་བྱ་རྒྱུ་ཡིན་པདང་། གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་རྒྱུན་མཐུད་ལག་བསྟར་བྱ་རྒྱུ་དང་ཞིང་འབྲོག་ཁུལ་གྱི་འཚོ་བའི་གད་སྙིགས་དང་བཙོག་ཆུ་བཅོས་སྒྲིག་ལ་སྐུལ་འདེད་བཏང་ནས་གྲོང་གསེབ་ཀྱི་བཙོག་ཆུ་གཙང་གསིང་སྒྲིག་ཆས་རྣམ་གྲངས་ཀྱི་ཚོད་ལྟ་ལེགས་གྲུབ་བྱ་རྒྱུ་ཡིན་པ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001391634031