བོད་ལྗོངས།
ལྷ་སས་ཐཱན་ཉུང་གི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

    ཉེ་དུས་ལྷ་ས་གྲོང་ཁྱེར་སྣོད་བཅུད་ཁོར་ཡུག་ཅུས་ཀྱིས་གྲོང་ཁྱེར་ཐད་གཏོགས་ཚན་པ་10དང་མཉམ་དུ“ལྗང་མདོག་དང་ཐཱན་ཉུང་དང་། ཕྱོགས་ཡོངས་འབྱོང་འབྲིང”བརྗོད་དོན་གཙོ་བོར་བྱས་པའི་རྒྱལ་ཡོངས་ཀྱི་ཐཱན་ཉུང་ཉིན་མོའི་ས་གནས་ས་ཐོག་གི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་གྲོང་ཁྱེར་ཐད་གཏོགས་ཚན་པའི་ལས་དོན་མི་སྣས་དྲིལ་བསྒྲགས་ལག་དེབ་དང་། དྲིལ་བསྒྲགས་བརྡ་ཁྱབ། ཁོར་ཡུག་སྲུང་སྐྱོང་གི་ཁུག་མ་བཅས་དང་དེ་བཞིན་ཁོར་ཡུག་སྲུང་སྐྱོང་གི་སྦྱར་ཡིག་བཀོད་པའི་པང་རས་དང་། ཟིན་བྲིས་དེབ། ཆར་གོས་སོགས་དྲིལ་བསྒྲགས་སྤྱོད་ཆས་སྤྲད་དེ་ཕར་འགྲོ་ཚུར་འོང་བྱེད་མཁན་གྲོང་མིར་ལྗང་མདོག་ངང་ཕྱིར་སྐྱོད་པ་དང་ཐཱན་ཉུང་འཚོ་བ་སྐྱེལ་བ་སོགས་ཁོར་ཡུག་སྲུང་སྐྱོང་གི་འབྲེལ་ཡོད་ཤེས་བྱ་དྲིལ་བསྒྲགས་བྱས་པ་རེད། བྱེད་སྒོའི་སྤེལ་བའི་བརྒྱུད་རིམ་ནང་གྲོང་མི་ཚོས་འགྲེམས་པང་ལྟ་བ་དང་། དྲིལ་བསྒྲགས་ལག་དེབ་ཀློག་པ། དེ་བཞིན་ལས་དོན་མི་སྣའི་ཁོར་ཡུག་སྲུང་སྐྱོང་གི་ཤེས་བྱའི་འཆད་འགྲེལ་ཉན་པ་སོགས་བྱས་པས་ཐཱན་ཉུང་འཚོ་བའི་འདུ་ཤེས་སྔར་བས་མཐོ་རུ་ཕྱིན་པ་དང་ཐཱན་ཉུང་ཁོར་ཡུག་སྲུང་སྐྱོང་གི་འབྲེལ་ཡོད་ཤེས་བྱ་བརྒྱུད་བསྒྲགས་དང་ཁྱབ་གདལ་གཏིང་ཟབ་གཏོང་ཐུབ་པ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001392367871