བོད་ལྗོངས།
ཡུལ་སྐོར་དར་རྒྱས་མེ་ཏོག་རྣམ་པར་བཞད། སྲོལ་རྒྱུན་རིག་གནས་དྲི་བསུང་རབ་ཏུ་འཐུལ།

    རིག་གནས་ཀྱི་དྲི་བསུང་འཐུལ་བའི་ཡུལ་གྲུ—སྙེ་མོ།

    སྙེ་མོ་ནི་བོད་ཡིག་སྲོལ་གཏོད་པ་དང་བོད་སྤོས་སྲོལ་གཏོད་པ་ཐོན་མི་སམ་བྷོ་ཊའི་ཕ་ཡུལ་ཡིན།

    ཇོ་མོ་གངས་དཀར་གངས་རི།

    སྙེ་མོའི་རང་བྱུང་མཛེས་ལྗོངས་ལྟ་ན་སྡུག་པའི་ཁར་མི་ཆོས་རིག་གནས་ཀྱི་རྨང་གཞིའང་ཧ་ཅང་ཟབ་མོ་ཡོད། སྙེ་མོར་བོད་སྤོས་དང་། ཞོ་ལེགས་བོད་ཤོག དར་རོང་ལྷ་མོ། ཕུ་གསུམ་རྐོས་རྒྱག བོད་ལྷམ། རྫ་ཆས། རྔ། བོད་ཡིག་ཡིག་གཟུགས་སོགས་མངོན་མིན་རིག་གནས་ཤུལ་བཞག་སྣ་མང་ལྡན།

    ལྷ་གཞིས་ལྕགས་ལམ་སྙེ་མོ་བབས་ཚུགས།

    ཐོན་པའི་མཛེས་ལྗོངས་དང་། མཁར་རུའི་མཛེས་ལྗོངས། ཇོ་མོ་གངས་དཀར་གངས་རིའི་མཛེས་ལྗོངས། སྙེ་མོའི་དེང་དུས་ཞིང་ལས་མཐོ་གསར་ལག་རྩལ་ཐོན་ལས་དཔེ་སྟོན་གླིང་། ཕུན་སུམ་ཚོགས་པའི་ཆུ་ཚན། ས་འོག་ཚ་ནུས་ཐོན་ཁུངས་བཅས་ལ་སྙེ་མོ་བའི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་གྱི“ཚལ་སྣ་བཞི་དང་ཁུ་བ་གཅིག”ཅེས་བརྗོད་ཀྱི་ཡོད།

    ཐོན་མི་སམ་བྷོ་ཊའི་བཞུགས་གནས་རྙིང་པ།

    ད་ཕན་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་གིས་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི“གྲོང་གསེབ་ཀྱི་ཡུལ་སྐོར་ས་ཚིགས་གཏོད་པ་དང་། ལམ་ཐིག་སྦྲེལ་བ། ཡུག་སྦྲེལ་ཆགས་པ”བཅས་ཀྱི་མཛུབ་སྟོན་དགོངས་དོན་གཞིར་བཟུང་། རྫོང་གི“ཚལ་སྣ་བཞི་དང་ཁུ་བ་གཅིག”གི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་ཀྱི་འཆར་འགོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས། “རིག་གནས་ཀྱི་དྲི་བསུང་འཐུལ་བའི་ཡུལ་གྲུའི”མི་ཆོས་རིག་གནས་ཀྱི་སྤུས་རྟགས་གཏོད་གང་ཐུབ་བྱས་ཏེ། སྙེ་མོ་རྫོང་གི་མཛེས་ལྗོངས་ཁུལ་ཁག་སྦྲེལ་མཐུད་ཀྱིས། “ལྷ་སའི་བྱང་ངོས་སྐོར་ལམ”དང་རང་འགུལ་ངང་མཉམ་འདྲེས་དང“སྣོད་བཅུད་སྲུང་སྐྱོང་དང་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་གལ་ཆེ་མཉམ་བརྩི་དང་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་མཉམ་བགྲོད”ཀྱི་འཕེལ་རྒྱས་ལམ་བུ་མཐའ་འཁྱོངས་ཀྱིས། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད།

    མཛེས་སྡུག་ཡིད་དུ་འོང་བའི་ཐོན་མདའ་གྲོང་ཚོ།

    “སྟར་ཁའི་ཕ་ཡུལ་གྱི་དྲན་ཤེས་འཚོལ”ཞེས་པའི་མཛེས་ལྗོངས་ཁུལ་དུ་གྲོང་མིས་ལོ་ངོ་སྟོང་གི་སྟར་སྡོང་འོག་ཚ་གཡོལ་བྱེད་པ།

    ཐོན་པའི་མཛེས་ལྗོངས་ཁུལ་གྱི་མེ་ཏོག

    མར་རྐྱང་ཤང་གི་རྟ་རྒྱུག་དུས་ཆེན།

    སྙེ་མོའི་རུ་མཚོ་འདམ་ར།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001393421071