བོད་ལྗོངས།
2020ལོའི་ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོང་གི་དུས་རབས་ཀྱི་བྱ་སྤྱོད——བོད་ཀྱི་བྱ་སྤྱོད་ཞིབ་བཤེར་ཚོགས་ཆུང་གིས་ནག་ཆུ་དང་གཞིས་རྩེར་བརྟག་ཞིབ་བྱས་པ།

    ཟླ་9ཚེས་3ཉིན་ནས་ཚེས་6ཉིན་བར་2020ལོའི་ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོང་གི་དུས་རབས་ཀྱི་བྱ་སྤྱོད—བོད་ཀྱི་བྱ་སྤྱོད་ཞིབ་བཤེར་ཚོགས་ཆུང་གིས་ནག་ཆུ་དང་གཞིས་རྩེར་ས་གནས་ས་ཐོག་གི་ལྟ་སྐུལ་ཞིབ་བཤེར་གྱི་ལས་དོན་སྤེལ་བ་རེད།

    ཞིབ་བཤེར་ཚོགས་ཆུང་གིས་སྔ་རྗེས་སུ་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་དང་དཔལ་མགོན་རྫོང་དང་། གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་དང་། རྒྱལ་རྩེ་རྫོང་། པ་སྣམ་རྫོང་བཅས་དང་དེ་བཞིན་གྲོང་ཁུལ་མཐའ་འཁོར་གྱི་ཞིབ་བཤེར་ས་ཚིགས་སུ་བསྐྱོད་དེ་སྣོད་བཅུད་འབྲོག་ལས་ཀྱི་དཔེ་སྟོན་རྟེན་གཞི་དང་འདེབས་འཛུགས་གླིང་གི་འཕེལ་རྒྱས་གནས་ཚུལ་དང་། ཞིང་ཞོར་ཁྲོམ་ར་དང་སྒོ་ཕྱུགས་དང་ཁྱིམ་བྱ་གསོ་ཚགས་ར་བའི་མཐའ་འཁོར་གྱི་ཁོར་ཡུག་བཅོས་སྒྲིག་བྱས་ཚུལ། སྨན་བཅོས་གད་སྙིགས་བསྡུ་རུབ་དང་ཐག་གཅོད་སོགས་ཀྱི་གནས་ཚུལ་ལ་གཙོ་གནད་ཐོག་བལྟས་པ་དང་སྦྲགས་ནག་ཆུ་གྲོང་ཁྱེར་དང་གཞིས་རྩེ་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་ཁོར་ཡུག་འཕྲོད་བསྟེན་ལས་དོན་སྤེལ་ཚུལ་གྱི་སྙན་ཞུ་ཡང་ཉན་པ་རེད།

    ཞིབ་བཤེར་ཚོགས་ཆུང་གིས་འབྲེལ་ཡོད་སྡེ་ཚན་ཁག་གིས་བསམ་བློའི་ངོས་འཛིན་མཐོ་རུ་བཏང་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་རང་རྟོགས་ངང་ཕྲག་ཏུ་འཁུར་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་མགྱོགས་མྱུར་གསབ་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་བཙོག་ཆུ་དང་གད་སྙིགས་བཅོས་སྒྲིག་དང་སྨན་བཅོས་ཀྱི་གད་སྙིགས་དང་བཙོག་ཆུ་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་པ། ཞིང་སྨན་ཐུམ་སྒྲིལ་གྱི་གད་སྙིགས་དང་ཞིང་སྤྱོད་འགྱིག་ཤོག་ཚུར་བསྡུ་དང་བེད་སྤྱོད་ལ་ཤུགས་སྣོན་རྒྱག་པ། སྒོ་ཕྱུགས་དང་ཁྱིམ་བྱ་གསོ་ཚགས་ཀྱི་སྦགས་བཙོག་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་སྣོད་བཅུད་ལེགས་སྒྱུར་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དགོས་པ་དང་མི་དམངས་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚུར་སྣང་ལན་ཆ་ཆེ་ཤོས་ཀྱི་ཁོར་ཡུག་གནད་དོན་ཐག་གཅོད་ཧུར་ཐག་བྱེད་པ་དང་། མང་ཚོགས་ཀྱི་རང་རྟོགས་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐོང་འཐེན་བྱེད་པ། མང་ཚོགས་ཁོར་ཡུག་བཅོས་སྒྲིག་གི་ལས་དོན་ནང་རྒྱ་ཁྱབ་ངང་ཞུགས་རྒྱུར་ཁྲིད་སྟོན་བྱེད་པ། མི་ཚང་མས་ཁོར་ཡུག་སྲུང་སྐྱོང་ནང་ཞུགས་པ་དང་ཚང་མས་ཁོར་ཡུག་སྲུང་སྐྱོང་ལ་རྒྱབ་སྐྱོར་བྱེད་པའི་རྣམ་པ་བཟང་པོ་གཏོད་པ་བཅས་བྱས་ཏེ་སྣོད་བཅུད་ཁོར་ཡུག་འཕྲོད་བསྟེན་གྱི་ལས་ཀའི་རྣམ་པ་གསར་པ་ཞིག་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་བཤད་པ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001393512161