བོད་ལྗོངས།
བོད་ལྗོངས་ཀྱིས་གྲོང་གསེབ་ཡུལ་སྐོར་གྱི་ལམ་ཐིག་རྩེ་གྲ་4བཏོད་པ།

    ཉེ་ཆར། ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་སྟག་གདོང་གྲོང་ཚོར་འཚོགས་པའི་རང་སྐྱོང་ལྗོངས་རིམ་པའི་ལུས་གསོ་དང་ལྗང་མདོག་ཡུལ་སྐོར་དཔེ་སྟོན་རྟེན་གཞི་ཁག་དང་པོའི་ཚོད་ལྟའི་ས་ཚིགས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་དང་གྲོང་གསེབ་ཡུལ་སྐོར་ཁྱབ་གདལ་གཏོང་བའི་བྱེད་སྒོ་ཁག་དང་པོར། རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས“བོད་ཀྱི་མིས་བོད་དུ་ཡུལ་སྐོར་བྱེད”ཅེས་པའི་གྲོང་གསེབ་ཡུལ་སྐོར་གྱི་ལམ་ཐིག་རྩེ་གྲ་4བཏོད་པ་དེ་དག་ནི“བོད་ཤར་གྱི་ཁམ་བུའི་གྲོང་ཚོ”དང་། “བོད་ལྷོའི་རོང་ས་དམར་པོའི་ཡུལ་སྐོར”“བོད་ནུབ་ཞིང་ལས་སོས་དལ་ཡུལ་སྐོར”“བོད་བྱང་ཐང་གི་སྦྲ་གུར་ཡུལ་སྐོར”བཅས་ཡིན་པ་དང་། ཉིན་2ནས་3བར་གྱི་ལམ་ཐག་ཡིན་པས་ལྗོངས་ནང་ཁུལ་གྱི་ཡུལ་སྐོར་བས་དུས་ཆེན་དང་གུང་གསེང་རིང་ཕྱིར་སྐྱོད་རྒྱུར་འཚམ་པོ་ཡོད།

    “གྲོང་གསེབ་ཀྱི་ཡུལ་སྐོར་ལམ་ཐིག་རྩེ་གྲ་4ཡི་ལམ་ཐིག་ཇུས་འགོད་དང་ཞག་སྡོད་འོས་སྦྱོར་དེ་སྔོན་ཆད་ཀྱི་ཡུལ་སྐོར་ཐོན་རྫས་དང་གཏན་ནས་མི་འདྲ་བར་སོས་དལ་དང་། ལུས་གསོ། གདོད་མའི་སྣོད་བཅུད། གསར་བརྗེའི་ཡུལ་སྐོར་སོགས་མྱོང་རོལ་བྱེད་ཐུབ”ཅེས་བོད་ལྗོངས་ཆེད་དོན་ཡུལ་སྐོར་མཐུན་ཚོགས་ཀྱི་འགན་འཁུར་བ་ཧུའུ་རུང་གིས་བཤད།

    ངོ་སྤྲོད་བྱས་པར་གཞིགས་ན། ཁག་དང་པོའི་བོད་ཀྱི་ལྗོངས་རིམ་པའི་ལུས་གསོའི་ཡུལ་སྐོར་དང་ལྗང་མདོག་ཡུལ་སྐོར་དཔེ་སྟོན་རྟེན་གཞི་གཏོད་རྒྱུ་དེ་ལྷ་ས་གྲོང་ཁྱེར་དང་ཉིང་ཁྲི་གྲོང་ཁྱེར་ཚོད་ལྟར་བྱས་ཤིང་། ཁག་དང་པོའི་ལྗོངས་རིམ་པའི་ལུས་གསོའི་ཡུལ་སྐོར་དཔེ་སྟོན་རྟེན་གཞི་གསུམ་ནི་ལྷ་ས་གྲོང་ཁྱེར་གྱི“གྲོང་གསེབ་མཛེས་ཤོས”ཀྱི་སྟག་གདོང་གྲོང་ཚོ་དང་། ཡངས་པ་ཅན་གྱི་སྔོ་ལྗང་ཞིང་ཁམས། བདུད་རྩིའི་ཆུ་མིག་ལུམས་བཅས་ཡིན་པ་དང་། ལྗོངས་རིམ་པའི་ལྗང་མདོག་ཡུལ་སྐོར་དཔེ་སྟོན་རྟེན་གཞིའི་ཚོད་ལྟའི་ས་ཚིགས་གསུམ་ནི་མེ་ཏོག་སྣོད་བཅུད་ཡུལ་སྐོར་ཁུལ་དང་། ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་གྲས། སྤོ་བོ་རྫོང་ཐང་ཤིང་ཡུལ་སྐོར་ཁུལ་བཅས་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001394442851