བོད་ལྗོངས།
ལྷོ་ཁ་དང་ལེའོ་ཉིང་གི་ཡུལ་སྐོར་ལས་དོན་ཁང་གིས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་པས་སྔོན་དཔག་བྱས་ན་དུས་སང་ལྷོ་ཁར་ཡུལ་སྐོར་བ་ཁྲི་2.5འཕར་ངེས་ཡིན་པ།

    ཉེ་ཆར། 2020ལོའི“དགུན་དུས་བོད་དུ་ཡུལ་སྐོར་ལ་སྐྱོད”པའི་ལྷོ་ཁའི་ཡུལ་སྐོར་གྱི་འགོ་ཚུགས་མཛད་སྒོ་དང“མཛེས་སྡུག་ལྡན་པའི་བོད་ཀྱི་འབྱུང་གནས་ལྷོ་ཁ”ཡི་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་ལེའོ་ཉིང་ཞིང་ཆེན་ཧྲེན་དབྱང་གྲོང་ཁྱེར་དུ་འཚོགས་པ་དེས་ས་གནས་གཉིས་པོའི་ཡུལ་སྐོར་མཉམ་ལས་སྔར་བས་ཟབ་ཏུ་སོང་ནས་སྐས་རིམ་གསར་པར་སླེབས་ཡོད། ས་གནས་གཉིས་པོའི་ཡུལ་སྐོར་ལས་དོན་ཁང་གིས་བཞག་པའི་ཡུལ་སྐོར་ཁྲོམ་རའི་མཉམ་ལས་གྲོས་མཐུན་ལྟར་ན། སྔོན་དཔག་བྱས་ན་དུས་སང་ལེའོ་ཉིང་དང་། ཅི་ལིན། ཧེ་ལུང་ཅང་བཅས་ཞིང་ཆེན་གསུམ་གྱི་བོད་ལྗོངས་ཆེད་ལམ་ཡུལ་སྐོར་ལས་དོན་ཁང་གིས་མི་ཁྲི་2.5སྒྲིག་འཛུགས་བྱས་ནས་ལྷོ་ཁར་ཡུལ་སྐོར་ལ་བསྐྱོད་རྒྱུ་ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་འོས་སྦྱོར་ཚོགས་འདུའི་དམིགས་ཡུལ་ནི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། རང་ལྗོངས་ཀྱི་2020ལོའི“དགུན་དུས་བོད་དུ་ཡུལ་སྐོར་ལ་སྐྱོད”པའི་དུས་ཐེངས་གཉིས་པའི་བྱེད་སྒོའི་བཀོད་སྒྲིག་དོན་འཁྱོལ། ཡུལ་སྐོར་འཛད་སྤྱོད་ཀྱི་མི་མངོན་པའི་ནུས་པ་ཟམ་མི་ཆད་པར་སྤེལ་བ། ད་ཡོད་ཀྱི་འགྲུལ་ཁུངས་ཁྲོམ་ར་བརྟན་དུ་གཏོང་བ། ཡུལ་སྐོར་གྱི་གསར་དར་འགྲུལ་ཁུངས་ཁྲོམ་ར་རྒྱ་སྐྱེད་གཏོང་བ་བཅས་བྱས་ནས“བོད་མིའི་འབྱུང་གནས་ལྷོ་ཁ”ཡི་ཡུལ་སྐོར་སྤུས་རྟགས་ལས་ཕྱི་ཕྱོགས་ལ་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་ཆེད་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001395053091