བོད་ལྗོངས།
ལྷ་ས་གྲོང་ཁྱེར་གྱིས་སྣོད་བཅུད་སྡོད་མལ་ལ་འཚམ་པའི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ།

    ལྷ་ས་གྲོང་ཁྱེར་གྱི་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་བ་དང་། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་གི་མངོན་གསལ་དོད་པའི་ཞན་ཆ་མགྱོགས་མྱུར་སེལ་ནས་སྣོད་བཅུད་སྡོད་མལ་ལ་འཚམ་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད། ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་འཕེལ་རྒྱས་ལ་སྤྱི་འདོམས་དང་ཐོན་སྐྱེད་དང་། འཚོ་བ། སྣོད་བཅུད་བཅས་ལ་སྤྱི་འདོམས་བྱས་ཏེ། མཛེས་སྡུག་ལྡན་པའི་སྡོད་མལ་གྲོང་གསེབ་འཛུགས་སྐྲུན་དམིགས་ཡུལ་དུ་བྱེད་པ་དང་། གྲོང་གསེབ་ཀྱི་གད་སྙིཌ་དང་བཙོག་ཆུ་གཙང་སེལ་དང་། “གསང་སྤྱོད་གསར་བརྗེ”དང་གྲོང་ཚོའི་བཀོད་པ་བཅོས་སྒྲིག་མཐོར་གཏོང་གཙིགས་ཆེར་འཛིན་ནས་ཕྱོགས་མང་པོའི་སྟོབས་ཤུགས་སྐུལ་སློང་དང་། ཐོན་ཁུངས་སྣ་ཚོགས་བསྡུ་སྒྲིལ། བྱེད་ཐབས་ཁག་ལ་ཤུགས་སྣོན། རྣམ་གྲངས་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ལྷ་ས་གྲོང་ཁྱེར་གྱིས་ལྗོངས་ཡོངས་ཀྱི་སྔོན་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྨང་གཞི་བརྟན་པོ་བཏིང་བ་རེད།

    མིག་སྔའི་བར། ལྷ་ས་གྲོང་ཁྱེར་གྱི་སྲིད་འཛིན་གྲོང་ཚོ་251(ལྷ་ས་གྲོང་ཁྱེར་ནང་ཁུལ་གྱི་སྡེ་ཁུལ་ཚུད་པ)རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་གྲོང་ཚོར་བཏོད་ནས་བཏོད་ཚད་95.4%ཟིན་པ་དང་། ཤང་དང་གྲོང་རྡལ་64རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་ཤང་དང་གྲོང་རྡལ་དུ་བཏོད་དེ་བཏོད་ཚད་100%ཟིན་ཡོད། མལ་གྲོ་གུང་དཀར་རྫོང་དང་། འདམ་གཞུང་རྫོང་། ཁྲེང་ཀོན་ཆུས། སྟོད་ལུང་བདེ་ཆེན་ཆུས་སོགས་རྫོང(ཆུས)4རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་རྫོང(ཆུས)ལ་བཏོད་པ་དང་། འདམ་གཞུང་རྫོང་རྒྱལ་ཁབ་རིམ་པའི་སྣོད་བཅུད་ཤེས་དཔལ་འཛུཌ་སྐྱོང་དཔེ་སྟོན་གྲོང་ཚོར་བཏོད་པ་རེད།

    ལྷ་ས་གྲོང་ཁྱེར་གྱི་ཞིང་འབྲོག་ཁུལ་གྱི“གསང་སྤྱོད་གསར་བརྗེར”སྐུལ་འདེད་བརྟན་པོ་གཏོང་བ་དང་། ཞིང་འབྲོག་ཁུལ་དང་འཚམ་པའི་གསང་སྤྱོད་སྒྱུར་བཀོད་བྱེད་སྟངས་འཚོལ་ཞིབ་བྱ་ཆེད། མིག་སྔར་ལྷ་ས་གྲོང་ཁྱེར་གྱིས་ཆུ་ཤུར་རྫོང་གནམ་ཤང་དང་ཚ་རཌ་ཤང་དང་། འདམ་གཞུང་རྫོང་གི་གནམ་མཚོ་ཤང་གི་ས་བབ་མཐོ་ཚད་སྨི་3600ནས་4500བར་གྱི་ཁུལ་ཁོངས་ཀྱི་དུད་ཚང་4ཚོད་ལྟའི་དཔེ་སྟོན་ལས་དོན་སྤེལ་ཡུལ་དུ་གཏན་འཁེལ་བྱས་པ་རེད།

    གྲངས་གཞི་ལས་མངོན་གསལ། ལྷ་ས་གྲོང་ཁྱེར་གྱིས་རང་བརྟེན་ལག་ལེན་བསྟར་ནས་གསང་སྤྱོད་441གསར་སྐྲུན་དང་སྒྱུར་བཀོད་བྱེད་པའི་འཆར་གཞིའི་ཁྲོད་ནས་གསང་སྤྱོད་252སྐྲུན་འགོ་ཚུགས་པ་དང་གསང་སྤྱོད་131ལེགས་གྲུབ་ཟིན་པ་རེད། ལྷ་ས་གྲོང་ཁྱེར་གྱི་རྫོང(ཆུས)ཁག་གིས་ཀྱང་སྤྱི་པའི་གསང་སྤྱོད་ལ་མ་དངུལ་གཏོང་ཤུགས་སྔར་བས་ཆེ་རུ་བཏང་བ་དང་ལྷག་པར་དུ་ཁྲེང་ཀོན་ཆུས་ཀྱིས་དེ་སྔའི་སྤྱི་པའི་གསང་སྤྱོད་153གྱི་རྨང་གཞིའི་ཐོག་སྒོར་ཁྲི་60ལྷག་ཙམ་བཏང་ནས་སྤྱི་པའི་གསང་སྤྱོད་100བརྒྱབ་པའི་ནང་གསར་དུ་བརྒྱབ་པ་22དང་། ཐོན་ཁུངས་རང་བཞིན་གྱི་སྐྱེ་དངོས་ཕྲ་རབ་ཁོར་ཡུག་སྲུང་སྐྱོང་གི་སྤོ་ཆོག་པའི་གསང་སྤྱོད་18 རྒྱ་སྐྱེད་བྱས་པའི་གསང་སྤྱོད་60བཅས་ཡོད་པ་རེད།

    མིག་སྔར། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་དུ་གྲོང་ཁྱེར་རིམ་པའི་གད་སྙིགས་གཙང་སེལ་བྱ་ཡུལ་གཅིག་དང་། འདམ་གཞུང་རྫོང་དང་། ལྷུན་གྲུབ་རྫོང་། མལ་གྲོ་གུང་དཀར་རྫོང་། སྙེ་མོ་རྫོང་སོགས་སུ་རྫོང་རིམ་པའི་གད་སྙིགས་གཙང་སེལ་བྱ་ཡུལ་བཞི་ཡོད་པ་དང་། རྫོང(ཆུས)ཀྱི་ཤང་དང་གྲོང་རྡལ་ཚང་མར་གད་སྙིགས་དབོར་འདྲེན་དང་གད་གཞོང་བཙུགས་ཡོད་ལ། དུས་བཀག་ལྟར་གྲོང་ཚོར་བསྐྱོད་ནས་གད་སྙིགས་བསྡུ་བ་དང་འབྲེལ། གད་སྙིགས་གཙང་སེལ་བྱ་ཡུལ་དུ་དབོར་འདྲེན་བྱེད་ཀྱི་ཡོད་པ་རེད། མིག་སྔའི་བར། ལྷ་ས་གྲོང་ཁྱེར་གྱི་རྒྱལ་ལམ་རྒྱུད་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་མཐའ་སྐོར་སོགས་རྨང་གཞི་ཡག་པོ་ཡོད་པ་དང་གཞི་རྩའི་ཆ་རྐྱེན་འཛོམས་པའི་གྲོང་གསེབ་90%ཡན་དུ་གད་སྙིགས་གཙང་སེལ་ནུས་ལྡན་ཐུབ་ཡོད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001395132071