བོད་ལྗོངས།
མངའ་རིས་ས་ཁུལ་གྱི་ཟླ་ལྔ་པ་ནས་བཅུ་པའི་བར་གྱི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་10ལྷག་ཙམ་ཟིན་པ།

    གསར་འགོད་པར་ཉིན་ཤས་གོང་མངའ་རིས་ས་ཁུལ་ཡུལ་སྐོར་འཕེལ་རྒྱས་ཅུས་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་5པ་ནས་10པའི་བར། མངའ་རིས་ས་ཁུལ་གྱིས་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་102.6ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་12.11བྱུང་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཚུན་དུ་མངའ་རིས་ས་ཁུལ་གྱི་འགྲིམ་འགྲུལ་ཆ་རྐྱེན་རིམ་བཞིན་ལེགས་སུ་ཕྱིན་པ་དང་བསྟུན། མངའ་རིས་ས་ཁུལ་གྱིས་ཡུལ་སྐོར་ལམ་ཐིག་རྩེ་གྲ་ཧུར་ཐག་བཏོད་དེ། མངའ་རིས་ཀྱི་ལྷོ་བྱང་སྐོར་ལམ་དང་། མངའ་རིས་ཀྱི་བྱང་ལམ་ཆེ་མོ། རྒྱལ་ལམ་219ཡི་ཤིན་བོད་ལམ་ཐིག ཞང་ཞུང་རིག་གནས་ཀྱི་ཡུལ་སྐོར་ལམ་ཐིག་རྩེ་གྲ་བཅས་ཡུལ་སྐོར་ལམ་ཐིག་4རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་ཡོད་པ་རེད།

    གཞན་ཡང་། མངའ་རིས་ས་ཁུལ་གྱིས་ཤིན་ཅང་གི་ཁ་ཧྲེ་དང་། མཚོ་སྔོན་གྱི་ཡུལ་ཤུལ། ནག་ཆུ་སོགས་ཉེ་འདབས་གྲོང་ཁྱེར་གྱི་ཡུལ་སྐོར་སྡེ་ཚན་དང་ཡུན་རིང་མཛའ་མཐུན་མཉམ་ལས་ཀྱི་འབྲེལ་བ་བཙུགས་པ་དང་། ས་ཁོངས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་པ་བརྒྱུད། “སྟོད་ཀྱི་ངོ་མཚར། མངའ་དབྱིངས་མངའ་རིས”དང་། “སྣེ་གསུམ་ལུང་ཤུར་དུ་ཡུལ་སྐོར་བྱེད། གནའ་བོའི་ཞང་ཞུང་རིག་གནས་ཉམས་སུ་མྱོང”ཞེས་པའི་མངའ་རིས་ཀྱི་ཡུལ་སྐོར་སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་དང་སྙན་གྲགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001395241651