བོད་ལྗོངས།
“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པར”གཟིགས་སྐྱོང་མང་བ།

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། “བོད་ཀྱི་ལྷ་མོའི་གྲོང་ཚོ་དང་པོ”ཞེས་མཚན་སྙན་གྲགས་པའི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་བཀྲ་ཤིས་མཆོད་རྟེན་གྲོང་ཚོ་དེ་སྔའི་དབེན་འཇམ་གྱི་གནས་ལས་ཡོངས་སུ་བྲལ། ཡུལ་མི་ཚོས་བཀྲ་ཤིས་བདེ་ལེགས་མཚོན་པའི་གྲོ་སོ་ཕྱེ་མར་བཀྱག་པ་དང་དཀར་གཙང་མཇལ་དར་འཁྱེར་བཞིན་2020ལོའི“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པར”ཡོང་བའི་ཧྲན་དབྱང་གི་ཡུལ་སྐོར་བ་150ལ་སྣེ་ལེན་ཞུས་པ་དང་སྦྲགས། ཁོང་ཚོར་དགའ་བསུའི་རྣམ་པ་མཚོན་པའི་ལྷ་མོ་འཁྲབ་པ་རེད།

    འདི་ནི་ལོ་མང་རིང་བྱང་ཤར་ཞིང་ཆེན་གསུམ་ནས་ལྷོ་ཁར་ཡོངས་ཐེངས་དང་པོའི་ཡུལ་སྐོར་ཚོགས་པ་ཡིན་ཞིང་། ལྷོ་ཁ་གྲོང་ཁྱེར་སྲིད་གཞུང་གི་དྲུང་ཆེ་གཞོན་པ་ཧྲེ་ཧའེ་ཀྲོའུ་ཡིས་ངོ་སྤྲོད་བྱས་དོན། ན་ནིང་ནས་བཟུང་། ལྷོ་ཁ་གྲོང་ཁྱེར་གྱིས་ཁྱད་ལྡན་དམངས་ཁྱིམ་མགྲོན་ཁང་གཏོད་པ་དང་གྲོང་གསེབ་ཀྱི་ཡུལ་སྐོར་རྒྱ་ཆེར་གཏོང་རྒྱུ་འཇུག་གཞིར་བྱས་ནས། བཀྲ་ཤིས་མཆོད་རྟེན་གྲོང་ཚོ་དང་འཕྱོངས་རྒྱས་རྫོང་ཆང་ཁྱིམ་གྲོང་ཚོར་གྲོང་གསེབ་ཀྱི་ཡུལ་སྐོར་ཐོན་རྫས་གཏོད་རྒྱུར་རོགས་སྐྱོར་བྱས་པ་དང་། མིག་སྔར་གྲོང་ཚོ་དེ་གཉིས་སུ་ཡུལ་སྐོར་བ་ཁྲི་1ལྷག་ཙམ་སླེབས་ཡོད་པ་རེད།

    ད་ཆ། “དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”གཟིགས་སྐྱོང་སྲིད་ཇུས་ཀྱི་ཕན་པ་ཐོབ་ནས་ཡུལ་སྐོར་ཚོགས་པ་བོད་དུ་ཡུལ་སྐོར་ལ་ཡོང་མཁན་ཇེ་མང་དུ་ཕྱིན་ཞིང་། 2018ལོ་ནས་བཟུང་། བོད་ཀྱིས“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”བྱེད་སྒོ་གཅིག་མཇུག་གཉིས་མཐུད་དུ་སྤེལ་ཡོད། འདི་ལོ་ཡུལ་སྐོར་སྡེ་ཚན་གྱིས་ཡོངས་བསྒྲགས་བྱས་པའི་གཟིགས་སྐྱོང་སྲིད་ཇུས་ནང་། དགོན་སྡེའི་མཛེས་ལྗོངས་ཁུལ་ཕུད། བོད་ལྗོངས་ཡོངས་སུ་3Aརིམ་པའི(3Aཚུད)ཡན་གྱི་མཛེས་ལྗོངས་ཁུལ་དུ་རིན་མེད་ཡུལ་སྐོར་ལྟ་སྐོར་བྱེད་ཆོག་པ་དང་། གཞུང་ཁོངས་ཀྱི་3Aརིམ་པ་མན་དང་གཞུང་ཁོངས་མིན་པའི་Aརིམ་པའི་མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་ཡུལ་སྐོར་བྱེད་ཉུང་བའི་དུས་ཀྱི་སྤ་སེའི་རིན་གོང་གི་རྨང་གཞིའི་ཐོག་ཕྱེད་ཀ་གཅོག་པ་དང་། སྐར་གསུམ་རིམ་པ(སྐར་གསུམ་ཚུད)ཡན་གྱི་སྐར་མ་རིམ་པའི་མགྲོན་ཁང(གསོལ་མགྲོན་ཁང)དང་། རྒྱལ་སྤྱིའི་སྤུས་རྟགས། མགྲོན་ཁང་རྩེ་གྲ་བཅས་ཀྱི་ཞག་སྡོད་རིན་གོང་དེ་ཡུལ་སྐོར་བྱེད་མང་བའི་ནམ་དུས་ཀྱི་རིན་གོང་གི་50%ལས་མི་མཐོ་བའི་བྱ་ཐབས་ལག་ལེན་བསྟར་བ་དང་། བོད་ནས་འཕུར་སྐྱོད་བྱེད་པའི་མཁའ་ལམ་མཁའ་འགྲུལ་ཀུང་སིས་སྤ་སེའི་རིན་གོང་གི་ཆ་སྙོམས་གཅོག་ཚད་50%ལས་མི་ཉུང་བ་ཡོད་པ་རེད།

    གསར་འགོད་པར་དྲ་ཐོག་ཡུལ་སྐོར་ཞབས་ཞུའི་ལས་སྟེགས་ནས་ཤེས་རྟོགས་བྱུང་བར། ད་ཆ་ཧྲའན་ཤིས་ཤིས་ཨན་ནས་བོད་ལྗོངས་ལྷ་སའི་བར་གྱི་གནམ་གྲུའི་སྤ་སེའི་རིན་གོང་སྒོར་200ལྷག་ཙམ་བར་དམའ་རུ་ཕྱིན་པ་དང་། ཁྲེང་ཏུའུ་ནས་ལྷ་ས་བར་གྱི་གནམ་གྲུའི་སྤ་སེའི་རིན་གོང་ཡང་སྤྱིར་ན་སྒོར་300ཙམ་ཡིན་པ་རེད། ལྷ་ས་གྲོང་ཁྱེར་གྱི་རིམ་མཐོའི་གསོལ་མགྲོན་ཁང་གི་ཞག་སྡོད་རིན་གོང་དགོང་མོ་རེར་སྒོར་300བར་ཆག་པ་དང་། ཡུལ་སྐོར་བྱེད་མང་བའི་ནམ་དུས་སུ་དགོང་མོ་རེར་ཞག་སྡོད་རིན་གོང་སྒོར་ལྔ་བརྒྱ་དྲུག་རྒྱ་ཡིན་པ་རེད།

(འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001395416361