བོད་ལྗོངས།
བོད་ལྗོངས་གཞིས་རྩེས་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་གྲོང་ཁྱེར་འཛུགས་གཏོད་ལས་དོན་གཏིང་ཟབ་སྤེལ་བ།

    ཉེ་ཆར། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས《གཞིས་རྩེ་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་གྲོང་ཁྱེར་འཛུགས་གཏོད་དང་མཛེས་སྡུག་ལྡན་པའི་གཞིས་རྩེ་གྲོང་ཁྱེར་མགྱོགས་མྱུར་བསྐྲུན་པའི་ལག་བསྟར་ཇུས་གཞི》(གཤམ་དུ《ལག་བསྟར་ཇུས་གཞི》ཞེས་བསྡུ་རྒྱུ)བཀྲམ་པ་རེད།

    《ལག་བསྟར་ཇུས་གཞིའི》ནང་བསྟན་དོན། 2025ལོར་སླེབས་སྐབས་གསར་གཏོད་དང་སྐུལ་འདེད་དུས་སུ་སླེབས་རྒྱུ་ཡིན་ཞིང་། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱིས་རྫོང(ཆུས)18ཚང་མ་བོད་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་རྫོང་འཛུགས་གཏོད་ཀྱི་ཚད་གཞི་ལོན་པ་བྱ་རྒྱུ་ཡིན་པ་རེད། 2021ལོར་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་གྲོང་ཁྱེར་གྲུབ་འབྲས་ཐོབ་པའི་ངང་འཛུགས་གཏོད་བྱ་རྒྱུ་བརྩོན་ལེན་བྱེད་པའི་རྨང་གཞིའི་ཐོག་གཞིས་རྩེ་གྲོང་ཁྱེར་དང་གྲོ་མོ་རྫོང་གི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་གྲོང་ཁྱེར་དང་རྫོང་འཛུགས་སྐྱོང་ལ་མུ་མཐུད་སྐུལ་འདེད་གཏིང་ཟབ་བཏང་ནས་འཛུགས་གཏོད་ཀྱི་གྲུབ་འབྲས་སྲ་བརྟན་དང་གོང་མཐོར་གཏོང་རྒྱུ་ཡིན་པ་རེད། བསམ་གྲུབ་རྩེ(ཆུས)དང་། རིན་སྤུངས། ཁང་དམར། གམ་པ། དིང་རི། ས་དགའ་བཅས་རྫོང(ཆུས)6བོད་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་རྫོང་ལ་འཛུགས་གཏོད་བྱ་རྒྱུ་ཡིན་པ་དང་། གཞིས་རྩེ་གྲོང་ཁྱེར་གྱི་བོད་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཤང(གྲོང་རྡལ)གཏོད་ཚད་50%ཟིན་པ་བྱ་རྒྱུ། བོད་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་གྲོང་ཚོ(གྲོང་ལྷན)གཏོད་ཚད་80%ཟིན་པར་བྱ་རྒྱུ་ཡིན་པ་རེད། རྒྱལ་ཁབ་ཀྱི“སྔོ་ཞིང་དྭངས་བའི་རི་ཆུ་གསར་རི་དངུལ་རི་ཡིན་པའི”རིགས་པའི་གཞུང་ལུགས་ཀྱི་ལག་ལེན་གསར་གཏོད་རྟེན་གཞི་འཚོལ་ཞིབ་དང་འཛུགས་གཏོད་བྱ་རྒྱུ་ཡིན་པ་རེད།

    2026ལོ་ནས་2030ལོའི་བར་ནི་ཕྱོགས་ཡོངས་ནས་འཛུགས་གཏོད་དུས་མཚམས་ཡིན་ཞིང་། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་རྫོང(ཆུས)ཚང་མ་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་ཤེས་དཔལ་འཛུཌ་སྐྱོང་དཔེ་སྟོན་རྫོང(ཆུས)ཀྱི་ཚད་གཞི་ལོན་པར་བྱ་རྒྱུ་ཡིན་པ་རེད། ཉུང་མཐར་ཡང་རྫོང་3ལ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་རྫོང་གི་མཚན་སྙན་ཐོབ་པར་བྱ་རྒྱུ་རེད། གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས)ཚང་མ་བོད་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་རྫོང་ལ་འཛུགས་སྐྲུན་བྱ་རྒྱུ་ཡིན་པ་དང་། ཤང(གྲོང་རྡལ)80%བོད་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཤང་དང་གྲོང་རྡལ་ལ་འཛུགས་སྐྲུན་བྱ་རྒྱུ་ཡིན་པ། གྲོང་ཚོ(གྲོང་ལྷན)90%ཡན་བོད་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་གྲོང་ཚོ(གྲོང་ལྷན)ལ་འཛུགས་བསྐྲུན་བྱ་རྒྱུ་ཡིན་པ་རེད། རྒྱལ་ཁབ་ཀྱི“སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི”རིགས་པའི་གཞུང་ལུགས་ཀྱི་ལག་ལེན་དཔེ་སྟོན་རྟེན་གཞི་གཉིས་ནས་གསུམ་བར་འཚོལ་ཞིབ་དང་གསར་གཏོད་བྱ་རྒྱུ་ཡིན་པ་རེད།

    2031ལོ་ནས་2035ལོ་བར་ནི་སྲ་བརྟན་མཐོར་གཏོང་གི་དུས་ཚོད་ཡིན་ཞིང་། གྲོང་ཁྱེར་དང་། རྫོང(ཆུས) ཤང(གྲོང་རྡལ)གྲོང་ཚོ(གྲོང་ལྷན)བཅས་རྒྱལ་ཁབ་རིམ་པའམ་ཡང་ན་བོད་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་འཛུགས་གཏོད་ཀྱི་ཚད་གཞི་ཕྱོགས་ཡོངས་ནས་ལོན་པའི་རྨང་གཞིའི་ཐོག་སྐྱེ་ཁམས་ཤེས་དཔལ་གྱི་སྒྲིག་གཞི་དང་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་སྲ་བརྟན་དང་ཟབ་ཏུ་གཏོང་རྒྱུ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཁྱབ་ཁོངས་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་གཏོང་རྒྱུ་ཡིན་པ་རེད།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001397297951