བོད་ལྗོངས།
མཚོ་བོད་ས་མཐོའི་ཚན་རིག་རྟོག་ཞིབ་ཆེད་དོན་རྣམ་གྲངས་88ཀྱིས་བོད་ལྗོངས་ཀྱི་སྣོད་བཅུད་སྲུང་ཡོལ་འཛུགས་སྐྱོང་ལ་རམ་འདེགས་བྱས་པ།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། བོད་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་ཐིང་གི་གྲངས་གཞི་ལས་མངོན་པར། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་ཐེངས་གཉིས་པ་དངོས་སུ་བྱེད་འགོ་ཚུགས་ཚུན། ཆེད་དོན་ཚན་རིག་རྟོག་ཞིབ་བྱེད་སྒོ་ཁག་88བོད་དུ་སྐུལ་འདེད་གཏིང་ཟབ་སྤེལ་ནས་སའི་གོ་ལའི“གླིང་སྣེ་གསུམ་པ”སྲུང་སྐྱོང་ཡག་པོ་བྱེད་ཆེད་གྲངས་གཞི་གལ་ཆེན་མཁོ་འདོན་དང་ཚན་རྩལ་གྱི་འདེགས་སྐྱོར་བྱས་ཡོད།

    མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་2017ལོའི་ཟླ་8པར་ཕྱོགས་ཡོངས་ནས་བྱེད་འགོ་ཚུགས་ཚུན། ཚན་ཞིབ་ལས་དོན་པ་འབོར་ཆེན་གྱིས་མཚོ་བོད་ས་མཐོའི་ཆུ་དང་། སྣོད་བཅུད། མིའི་རིགས་ཀྱི་བྱེད་སྒོ་སོགས་ཁོར་ཡུག་གི་གནད་དོན་ལ་ཕྱོགས་ཡོངས་ནས་རྟོག་ཞིབ་ཞིབ་འཇུག་གཏིང་ཟབ་བྱས་ཏེ་སའི་གོ་ལའི“གླིང་སྣེ་གསུམ་པ”སྲུང་སྐྱོང་ཡག་པོ་བྱེད་ཆེད་གྲངས་གཞི་གལ་ཆེན་མཁོ་འདོན་དང་ཚན་རྩལ་གྱི་འདེགས་སྐྱོར་བྱས་ཡོད།

    མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་ཞིབ་ཐེངས་གཉིས་པའི་ཆུ་འགོའི་འཁྱགས་རོམ་དང་ཁོར་ཡུག་འགྱུར་ལྡོག་ལྟ་བཤེར་རུ་ཁག་བོད་ལྗོངས་མངའ་རིས་ས་ཁུལ་རུ་ཐོག་རྫོང་དུང་རུ་ཤང་ཨ་རུ་གྲོང་ཚོར་པར་ལེན་པ། (མཐུད་པར། 2017ལོའི་ཟླ་9ཚེས་13ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ། ལེའུ་ཏུང་ཅུན་གྱིས་པར་བླངས།

    ད་བར་ཚན་རིག་རྟོག་ཞིབ་ཀྱི་ལས་དོན་ལ་གྲུབ་འབྲས་རབ་དང་རིམ་པ་ཐོབ་པ་སྟེ།

    —མེ་ཏོག་ཏུ་བྲག་སྐྱ་ཧ་བོའི་རིགས་ཀྱི་རྩི་ཤིང་ཐོག་མར་རྙེད་ཡོད། གནམ་མཚོའི་ཁུལ་ནས་ཤུག་སྡོང་སྐམ་པོ་དང་སྡོང་རྐང་གི་ཤུལ་ཁག་གཅིག་རྙེད་པས་རང་རྒྱལ་གྱི་ད་བར་གྱི་སྡོང་ཕྲན་ལོ་རིས་ཀྱི་ཞེང་ཚད་ལོ་ཚིགས(1479—2015ལོ་བར། སྤྱིའི་རིང་ཚད་ལོ་537)བསྐྱར་འཛུགས་བྱས་ཡོད།

    —མཚོ་བོད་ས་མཐོའི་མཚོ་དང་མཚེའུ་ཆེ་གྲས་75ཡི་འཁྱགས་དངོས་ཀྱི་དུས་རྟགས་དང་རླངས་པར་འགྱུར་ཚད་ཀྱི་འབྲས་བུ་ཅུང་ཡང་དག་པའི་སྒོ་ནས་ཚོད་རྩིས་ཐོག་མར་ཐུབ་པ་སྟེ། མཚོ་བོད་ས་མཐོའི་མཚོའི་ལོ་རེའི་རླངས་པར་འགྱུར་པའི་ཆུའི་ཐོན་ཁུངས་བསྡོམས་འབོར་ཏུན་དུང་ཕྱུར་517ཙམ་ཟིན་ཡོད།

    —གནམ་མཚོའི་གཏིང་ཚད་སྨི་94.5ཡི་དཔེ་ལེན་ས་ཚིགས་སུ་ཁུང་བུ་གཅིག་ལ་བསྟུད་མར་སྨི་153.44བདེ་བླག་ངང་བྲུས་ནས་དཔེ་ལེན་ཐུབ་ཚད་96%ཟིན་པའི་སྤུས་ཚད་མཐོ་བའི་བྲག་སྙིང་རག་ནས། རང་རྒྱལ་གྱི་མཚོ་དང་མཚེའུ་ཡི་བྲག་སྙིང་སོར་འབིགས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

    —“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”གི་འཁྱགས་རོམ་དང་། མཚོ་མཚེའུ། གཙང་པོ་གཙོ་བོ་བཅས་ཀྱི་ཆུའི་རྒྱུག་ཚད་ཀྱི་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་ཁྲི་9ལྷག་ཙམ་ཟིན་པ་ཚོད་རྩིས་རགས་ཙམ་ཐུབ་ནས། རྒྱལ་ཁབ་ཀྱིས་ཆུའི་ཐོན་ཁུངས་སྲུང་སྐྱོང་བྱེད་པའི་འཐབ་ཇུས་ལ་ཚན་རིག་གི་འདེགས་སྐྱོར་གལ་ཆེན་བྱས་ཡོད།

    —མཚོ་བོད་ས་མཐོའི་ས་བབ་མཐོ་ཚད་སྨི་7000ཟིན་པའི་མཁའ་དབྱིངས་ཀྱི་རླུང་ཁམས་ཆེན་པོའི་གྲུབ་ཆའི་གྲངས་གཞི་ཐོག་མར་ཐོབ་པ་དང་མཚོ་བོད་ས་མཐོ་མ་ཆགས་གོང་གི་སྐྱེ་ཁམས་མ་ལག་གི་སྤྱི་ཡོངས་ཀྱི་རྣམ་པ་ཐོག་མར་མངོན་པ་དང་། གྲོད་གས་ཉ་རིགས་དང་ས་མཐོའི་ཉའི་ཁྱབ་ཚུལ་ས་བབ་མཐོ་ཚད་སྨི་5200ལས་བརྒལ་བ་ཐོག་མར་ཤེས་རྟོགས་ཐུབ་པ། མེ་ཏོག་ཏུ་ཕྱེ་ལེབ་ཁྱུང་གཟུགས་མ་ཁྱབ་ཚུལ་ཐོག་མར་ཤེས་པ། ཡར་ཀླུང་གཙང་པོའི་འཁྱགས་རུད་ཀྱི་གནོད་འཚེའི་ལྟ་ཞིབ་ཚད་ལེན་གྱི་སྔོན་ཚུད་ཉེན་བརྡའི་ལས་སྟེགས་རགས་ཙམ་བསྐྲུན་ཡོད།

    འདི་ནི་ཀྲུང་གོ་ཚན་རིག་ཁང་མཚོ་བོད་སུའོ་གནམ་མཚོའི་རིམ་པ་མང་བའི་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་ལྟ་ཞིབ་ཚད་ལེན་སྒར་ས་ནས་པར་ལེན་པའི“མཐོང་རྒྱ་ཨང་དང་པོ”རྟགས་ཅན་གྱི་མཁའ་ལྡིངས་འཕྲུལ་ཆས་ཡིན། (2019ལོའི་ཟླ་5ཚེས་30ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཐེན་ཅིན་ཝེན་གྱིས་པར་བླངས།

    ཤེས་རྟོགས་བྱུང་བར་གཞིགས་ན། གྲུབ་འབྲས་འདི་དག་གིས་ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག་གི་འགྱུར་ལྡོག་དང་ཤུགས་རྐྱེན། དེ་བཞིན་གནོད་འཚེར་ཁ་གཏད་གཅོག་པའི་ངོས་འཛིན་ཟབ་ཏུ་འགྲོ་བ་མ་ཟད། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྲུན་དང་ས་ཁོངས་ཀྱི་གནོད་འཚེ་སྔོན་འགོག་ལ་ཚན་རྩལ་གྱི་འདེགས་སྐྱོར་ཡང་མཁོ་འདོན་ཐུབ་སྲིད།

    བོད་རང་སྐྱོང་ལྗོངས་མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གི་ཐིང་ཀྲང་འཕྲིན་ལས་དབང་རྒྱལ་གྱིས། གོམ་སྟབས་རྗེས་མར་མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པས་ཆུ་དང་། སྐྱེ་ཁམས། མིའི་རིགས་ཀྱི་བྱེད་སྒོ་བཅས་ལ་མུ་མཐུད་དོ་ཁུར་བྱས་ཏེ་རིག་ཚན་མང་པོའི་ལེགས་ཆའི་སྟོབས་ཤུགས་ཕྱོགས་བསྡུས་དང་། མཉམ་འབྲེལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་བཏང་ནས་སའི་གོ་ལའི“གླིང་སྣེ་གསུམ་པའི”སྲུང་སྐྱོང་ལ་ཞབས་འདེགས་ཞུ་གི་ཡིན་ཞེས་བརྗོད།

གྲངས་གཞིའི་ཐོག་ནས་བོད་ལྗོངས་གླེང་། —— ཤིན་ཧྭ་གསར་འགྱུར་ཁང་གི་མཉམ་འདྲེས་སྨྱན་སྦྱོར་གྱི་མུ་འབྲེལ་གསར་འགྱུར་ཆེད་སྒྲིག

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001398165961