བོད་ལྗོངས།
ཟླ་བ་རྗེས་མ་ནས་འགོ་བཙུགས་ཏེ་ལྷ་ཀླུ་འདམ་ར་སྒོ་དབྱེ་རྒྱུ་ཡིན་པ།

    གསར་འགོད་པས་ཤེས་རྟོགས་བྱས་པར། འདི་ལོ་ལྷ་ཀླུ་འདམ་ར་སྒོ་དབྱེ་བའི་དུས་ཚོད་ནི་ཟླ་4ཚེས་1ཉིན་ནས་ཟླ་11ཚེས་1ཉིན་བར་ཡིན་པ་དང་། རྒྱ་ཆེའི་གྲོང་མི་ཚོས་གཟའ་འཁོར་རེའི་གཟའ་མིག་དམར་ནས་གཟའ་ཉི་མ་བར་གྱི་ཆུ་ཚོད་10:00—20:00བར་རིན་མི་དགོས་པར་ལྟ་སྐོར་བྱེད་ཆོག

    ལྷ་ཀླུ་འདམ་ར་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཉི་མ་རྡོ་རྗེས་ངོ་སྤྲོད་བྱས་པར། འདི་ལོ་འཛུལ་སྒོ་གསུམ་སྒོ་དབྱེ་རྒྱུ་སྟེ། འཛུལ་སྒོ་ལྷོ་མ་ནི། བདེ་སྐྱིད་བྱང་ལམ་དང་འདམ་ར་ནུབ་ལམ་ལམ་མདོར(གསེར་གཡག་སྣུམ་སྣོན་ས་ཚིགས་ཀྱི་ཁ་སྤྲོད)ཡོད་པ་དང་། འཛུལ་སྒོ་ཤར་མ་ནི། ཆུ་མིག་ལམ་གྱི་དཀྱིལ་དུམ་ཕོ་བྲང་པོ་ཏ་ལའི་ལས་བཟོའི་འཚོ་བའི་རྟེན་གཞིའི་འགྲམ་དུ་ཡོད་པ། འཛུལ་སྒོ་བྱང་མ་ནི། ལྷ་ས་གྲོང་ཁྱེར་བྱང་སྐོར་ལམ་རྨ་བྱ་ཆུ་འཐུང་ལམ་བྲག་རི་ཁུག་གི་བྱེ་སིམ་རྫིང་བུའི་འགྲམ་དུ་ཡོད་པ་རེད།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001398463221