འདི་ནི་ལྷ་ཉིང་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོའི་ལྕགས་ལམ་མཇུག་ཤོས་དེ་འདིང་བཞིན་པ།
ཉིན་ཤས་གོང་། ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཅིག་པའི་ཀུང་སི་གསུམ་པས་སྐྲུན་འགན་འཁུར་བའི་ཁྲོན་བོད་ལྕགས་ལམ་གྱི་ལྷ་ས་ནས་ཉིང་ཁྲི་དུམ་བུའི་སྤྱི་ལེ་399.61ལ་རིང་ཚད་སྨི་500ཟིན་པའི་ལྕགས་ལམ་ཨ་མ་མཐུད་པའི་ཚ་ལ་རྒྱག་པ་དང་ཤུགས་འགྲེམས་ཀྱི་དམིགས་ཚད་ལས་འགན་བདེ་བླག་ངང་ལེགས་སྒྲུབ་བྱས་ཏེ། རྗེས་མཐུད་ལམ་ཐིག་ལེགས་སྒྲིག་དང་མཉམ་འགུལ་ལེགས་སྒྲིག་ཚོད་ལྟ་བྱ་རྒྱུར་མཐུན་རྐྱེན་བཟང་པོ་བསྐྲུན་པ་མ་ཟད། ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱེད་པར་འགན་ལེན་ནུས་ལྡན་ཐུབ་ཡོད།