བོད་ལྗོངས།
བོད་ལྗོངས་སུ་ནགས་ཚལ་ཁེབས་ཁྱོན་12.31%བར་འཕར་བ།

    ཉེ་ཆར་གསར་འགོད་པར་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ཀྱིས་རང་བྱུང་ནགས་ཚལ་སྲུང་སྐྱོང་དང་། རྨོ་བསྐྱུར་ནགས་གསོ། བྱེ་འགོག་བྱེ་བཅོས་སོགས་ནགས་ལས་ཀྱི་གཙོ་གནད་འདུ་འགོད་ལ་དམིགས་ནས་ནགས་ཚལ་དང་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་མ་དངུལ་སྒོར་དུང་ཕྱུར་202.3དམིགས་སར་འབྱོར་ཏེ་ནགས་ཚལ་ཁེབས་ཁྱོན་12.14%ནས་12.31%བར་འཕར་བ་དང་རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་42.3%ནས་47%བར་འཕར་ཡོད་པ་རེད།

    རང་སྐྱོང་ལྗོངས་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བས་གོམ་སྟབས་རྗེས་མར《བོད་རང་སྐྱོང་ལྗོངས་ཀྱི་རང་བྱུང་ནགས་ཚལ་སྲུང་སྐྱོང་དང་ཉམས་གསོའི་ལམ་ལུགས་ལག་བསྟར་བསམ་འཆར》ལག་བསྟར་དོན་འཁྱོལ་ནན་པོ་བྱས་ཏེ་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་དང་མཐུན་སྦྱོར་གྱིས《རྒྱལ་ཡོངས་ཀྱི་གཙོ་གནད་སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་ཉམས་གསོའི་གཙོ་གནད་ལས་གྲྭའི་སྤྱིའི་འཆར་འགོད(2021ནས་2035ལོ་བར)》གཞིར་བཟུང་། རྣམ་གྲངས་ཀྱི་ཡིག་ཐོག་སྙན་ཞུ་འབུལ་བའི་ལས་དོན་ཁག་ཡག་པོ་བསྒྲུབ་སྟེ་2021ནས་2022ལོ་འཁོར་བར་གྱི་ནགས་ཚལ་དང་རྩྭ་ཐང་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་དུས་ཐོག་ཏུ་ལེགས་སྒྲུབ་ཟིན་པ་བྱས་ནས་རྣམ་གྲངས་ཁག་ལྔ་ཙམ་འཆར་འགོད་དང་། སྔ་ཙམ་ཆོག་མཆན་ཐོབ་པ། སྔ་ཙམ་དོན་འཁྱོལ་ཐུབ་པ་བཅས་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།

(འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001399092521