༄༅།། བོད་ རང་ སྐྱོང་ ལྗོངས་ ཀྱི་ གྲྭ་ བཙུན་ གྱིས་ རྒྱ་ ཡིག་ སློབ་ སྦྱོང་ བྱེད་ པའི་ ཆེད་ སྤྱོད་ སློབ་ དེབ་ འགྲེམས་ སྤེལ་ གྱི་ མཛད་ སྒོ་ གཉེར་ བ།
 
2013-09-10       གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

    ཚེས་7 ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་།ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་འགྱུར་པུའི་པུའུ་ཀྲང་བཅས་ཡིན་པའི་མགོན་པོ་བཀྲ་ཤིས་ཀྱིས་གཞིས་རྩེ་ས་ཁུལ་དུ《བོད་རང་སྐྱོང་ལྗོངས་ཀྱི་གྲྭ་བཙུན་གྱིས་རྒྱ་ཡིག་སློབ་སྦྱོང་བྱེད་པའི་ཆེད་སྤྱོད་སློབ་དེབ》འགྲེམས་སྤེལ་གྱི་མཛད་སྒོར་ཞུགས་པ་མ་ཟད་དགོན་སྡེ་ཁག་གཅིག་གི་དགེ་འདུན་པའི་འཐུས་མིར《བོད་རང་སྐྱོང་ལྗོངས་ཀྱི་གྲྭ་བཙུན་གྱིས་རྒྱ་ཡིག་སློབ་སྦྱོང་བྱེད་པའི་ཆེད་སྤྱོད་སློབ་དེབ》སྤྲད་གནང་བ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཀྲུའུ་རེན་གཞོན་པ་གཞིས་རྩེ་ས་ཨུད་ཀྱི་ཧྲུའུ་ཅི་བསྟན་འཛིན་རྣམ་རྒྱལ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི། རང་སྐྱོང་ལྗོངས་ཆོས་ལུགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་བཅས་ཡིན་པའི་བློ་བཟང་འགྱུར་མེད་སོགས་ཕེབས་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 《བོད་རང་སྐྱོང་ལྗོངས་ཀྱི་གྲྭ་བཙུན་གྱིས་རྒྱ་ཡིག་སློབ་སྦྱོང་བྱེད་པའི་ཆེད་སྤྱོད་སློབ་དེབ》དེ《རྒྱ་ཡིག་གི་སྒྲ་སྦྱོར》དང་། 《རྒྱུན་སྤྱོད་ཚིག་མཛོད》 《སྐད་ཆ་ཤོད་རེས》 《སྒྲུང་གཏམ》 《དགོན་སྡེ་ངོ་སྤྲོད་མདོར་བསྡུས》 《ཆོས་ལུགས་ཀྱི་ཐ་སྙད》སོགས་དེབ་དྲུག་ལ་དབྱེ་ཡོད་པ་དེ་གྲྭ་བཙུན་ཚོས་རྒྱ་ཡིག་གི་སྒྲ་སྦྱོར་དང་། རྒྱུན་གཏན་གྱི་སྐད་ཆ་ཤོས་རེས། ཚན་རྩལ་ཁྱབ་གདལ་གྱི་ཤེས་བྱ་སོགས་སློབ་སྦྱོང་བྱ་རྒྱུར་འཚམ་པོ་ཡོད་པ་དང་འབྲེལ་གྲྭ་བཙུན་གྱི་དོན་དངོས་དང་བསྟུན་གང་ཐུབ་བྱས་ཡོད་པས་ཁོང་ཚོས་དགའ་པོ་བྱེད་ཀྱི་ཡོད་ཁར་རིག་གནས་ཤེས་བྱའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་། བོད་རྒྱ་རིག་གནས་སྤེལ་རེས་བྱ་རྒྱུ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ། བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུ་བཅས་ཀྱི་ངོས་ནས་བརྗོད་ན། དགེ་མཚན་ལྡན་པའི་སྐུལ་འདེད་ཀྱི་ནུས་པ་ཐོན་རྒྱུ་ཡིན་པ་རེད།    

མཛའ་འབྲེལ་དྲ་བ།
010020070840000000000000011100001327073611