གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། བོད་ ལྗོངས་ ཀྱི་ དད་ ལྡན་ མང་ ཚོགས་ ཀྱིས་ ཞི་ མཐུན་ གྱི་ ལྔ་ མཆོད་ ཡག་ པོ་ ཞིག་ བཏང་ བ།
2013-12-30       གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

    ཚེས་27ཉིན་གྱི་དགོང་མོ་གནའ་གྲོང་ལྷ་སའི་གང་སར་མཆོད་མེའི་འོད་མདངས་ལྷམ་མེར་བཀྲ་ལ། ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་ནམ་མཁའི་མཐོངས་སུ་དྲི་བསང་གི་དུ་སྤྲིན་ལྷོག་ལྷོག་ཏུ་འཁྲིགས་པ་དང་བར་སྐོར་དུ་མི་ཚོགས་ཀྱིས་ཁེངས་པ་མ་ཟད། གཙུག་ལག་ཁང་གི་མདའ་ཡབ་ཐོག་དང་། སྒེའུ་ཁུང་མདུན། གྲྭ་ཤག་སོགས་སུ་དགེ་འདུན་པ་ཚོས་མཆོད་སྤྲིན་བཤམས་ནས་བོད་བརྒྱུད་ནང་བསྟན་གྱི་དད་ལྡན་པ་ཚོའི་ལོ་གཅིག་དུས་གཅིག་གི་ལྔ་མཆོད་འགོ་ཚུགས་པ་རེད།

    དེའི་དགོང་མོ་གཙུག་ལག་ཁང་གི་ཐང་ཆེན་དུ་ལྗོངས་ཡོངས་ཀྱི་ས་གནས་ཁག་ནས་ཡོང་བའི་དད་ལྡན་པ་རྣམས་རྒན་སྐྱོར་གཞོན་ཁྲིད་དང་ལག་ཏུ་མ་ཎི་ལག་འཁོར་ཐོགས་ནས་འཚང་ཁ་ཤིག་ཤིག་ངང་ནང་སྐོར་རྒྱག་པ་དང་ཞལ་ནས་ཞལ་འདོན་གྱི་སྒྲ་རྒྱུན་ཆད་མེད་ལ་དད་ལྡན་པ་རྣམས་ཀྱིས་གཙུག་ལག་ཁང་གི་བསང་བུམ་ནང་བསང་འབུལ་བཞིན་པ་སོགས་གནའ་གྲོང་བར་སྐོར་དེ་ཉིད་དུས་བདེ་ཞི་འཇམ་དུ་གནས་པ་གསར་འགོད་པས་མཐོང་བྱུང་།

    ཕུར་སྒྲོན་ནི་དགུན་ཁའི་ཞིང་དལ་དུས་སུ་ཆེད་མངགས་ལྷ་སར་ཡོང་བ་ཞིག་ཡིན། ཁོང་གིས་མཆོད་མེ་ལྷགས་པས་མི་བཀྲོངས་ཆེད་ལག་པས་སྐྱོར་བཞིན་དུ་རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་མཆོག་ལ་རང་གཞན་གྱི་ཁྱིམ་ཚང་ཡོད་དོ་ཅོག་འཚོ་བ་བདེ་ཞིང་སྐྱིད་པ་ཞིག་ཡོང་བའི་སྨོན་ལམ་ཡང་བཏབ་པ་རེད།    

མཛའ་འབྲེལ་དྲ་བ།
010020070840000000000000011100001330060841