བོད་ལྗོངས།
ཡུམ་བུ་བླ་སྒང་ལ་ཉམས་གསོ་སྲུང་སྐྱོང་བྱེད་པ།

    ཨར་ལས་མི་སྣས་ཡུམ་བུ་བླ་སྒང་ལ་ཉམས་གསོ་སྲུང་སྐྱོང་བྱེད་པ།(ཟླ་11ཚེས་16ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་ཚེས་20ཉིན་གནས་ཚུལ་འབྱོར་གསལ། གསར་འགོད་པར་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་རིག་དངོས་ཅུས་ནས་ཤེས་རྟོགས་བྱུང་བར། བོད་ཀྱི་ཕོ་བྲང་ཐོག་མ་ཡུམ་བུ་བླ་སྒང་ཉམས་གསོ་བྱེད་བཞིན་པའི་སྒང་ཡིན་པ་དང་། ཡུལ་སྐོར་བའི་ལྟ་སྐོར་གནས་སྐབས་མཚམས་འཇོག་བྱ་རྒྱུ་རེད།

    ཨར་ལས་མི་སྣས་ཡུམ་བུ་བླ་སྒང་ལ་ཉམས་གསོ་སྲུང་སྐྱོང་བྱེད་པ།(ཟླ་11ཚེས་16ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

    བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་རིག་དངོས་ཅུས་ཀྱི་ཅུས་ཀྲང་བྱམས་པ་ཚེ་རིང་གིས་ངོ་སྤྲོད་གནང་བར་གཞིགས་ན། ཕོ་བྲང་ཡུམ་བུ་བླ་སྒང་གི་ཤིང་ཆར་རུལ་སྐྱོན་ཤོར་བ་དང་། གྱང་ངོས་མི་ཉུང་བར་སེར་ཁ་གས་པ། རྩིག་རྨང་བྱིང་བ། དེའི་ཐོག་ཕོ་བྲང་རང་ངོས་ལ་ཉེན་ཁའི་གནས་མང་པོ་ཐོན་ཡོད། རྒྱལ་ཁབ་ཀྱིས་མི་དམངས་ཤོག་སྒོར་ཁྲི་1000བཏང་ནས་གནའ་ཉམས་མི་ཤོར་བའི་རྩ་དོན་བཟུང་སྟེ་ཕོ་བྲང་ལ་ཁྱོན་ཡོངས་ནས་སྲུང་སྐྱོང་དང་ཉམས་གསོ་བྱ་རྒྱུ་རེད། སྔོན་རྩིས་ལྟར་ན་དུས་སང་ཟླ་བ་4པར་ལས་མཇུག་བསྒྲིལ་རྒྱུ་རེད།

    ཨར་ལས་མི་སྣས་ཡུམ་བུ་བླ་སྒང་ལ་ཉམས་གསོ་སྲུང་སྐྱོང་བྱེད་པ།(ཟླ་11ཚེས་16ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

    ཡུམ་བུ་བླ་སྒང་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་རྩེད་ཐང་གྲོང་རྡལ་དང་བར་ཐག་སྤྱི་ལེ་11ཡོད་པའི་ཇོ་མོ་བཀྲ་ཤིས་ཚེ་རིང་ཞེས་པའི་རི་ནུབ་ཏུ་ཟུར་གཉིས་བརྐྱངས་པའི་གཡོན་གྱི་རི་ཟུར་བྲག་རིའི་སྟེང་གནས་ཡོད། ལོ་རྒྱུས་ཡིག་ཆའི་ནང་འཁོད་པར་གཞིགས་ན་སྤྱི་ལོའི་སྔོན་གྱི་དུས་རབས་གཉིས་པའི་ནང་ཕྱག་བཏབ་ཡོད། 1962ལོར་ཡུམ་བུ་བླ་སྒང་བོད་རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པར་གཏན་འཁེལ་བྱས་ཡོད།

    ཉམས་གསོ་སྲུང་སྐྱོང་བྱེད་བཞིན་པའི་ཡུམ་བུ་བླ་སྒང་། (ཟླ་11ཚེས་16ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

    ཉམས་གསོ་སྲུང་སྐྱོང་བྱེད་བཞིན་པའི་ཡུམ་བུ་བླ་སྒང་། (ཟླ་11ཚེས་16ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001367744371