བོད་ལྗོངས།
ཕོ་བྲང་པོ་ཏ་ལའི"དྲ་ཐོག་འགྲེམས་སྟོན"གྱིས་དྲ་གྲོགས་ཚོར་རང་ཁྱིམ་དུ་གངས་ལྗོངས་ཀྱི་ལོ་ངོ་སྟོང་གི་རྒྱལ་ཁབ་ཀྱི་ནོར་བུ་མྱོང་རོལ་ཐུབ་པ།

(图文互动)(1)布达拉宫“云展览”让网友“宅家”细品雪域千年国宝

    ཕོ་བྲང་པོ་ཏ་ལར་ཉར་ཚགས་བྱས་པའི་རིག་དངོས། (ཟླ་3ཚེས་9ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཧྥེའེ་ཡིས་པར་བླངས།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་གནས་ཚུལ་འབྱོར་གསལ། ཚེས་9ཉིན། འཛམ་གླིང་རིག་གནས་ཤུལ་བཞག་ཡིན་པའི་ཕོ་བྲང་པོ་ཏ་ལའི"དྲ་ཐོག་འགྲེམས་སྟོན"ཞེས་པའི་དྲ་རྒྱའི་ཐད་གཏོང་དུས་ཐོག་ཏུ་གཏོང་འགོ་ཚུགས་ཡོད། དུས་ཡུན་སྐར་མ་90ཡི་ནང་ལེ་ཚན་གཙོ་སྐྱོང་ཚོགས་པའི་སྣེ་ཁྲིད་འོག་དྲ་གྲོགས་ཁྲི་བཅུ་ཕྲག་ཁ་ཤས་ཀྱིས་རང་ཁྱིམ་དུ་ནམ་རྒྱུན་ཕྱི་ཕྱོགས་སུ་འགྲེམས་སྟོན་བྱེད་ཚད་ཧ་ཅང་ཉུང་བའི་ཕོ་བྲང་པོ་ཏ་ལར་ཉར་ཚགས་བྱས་པའི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རིག་དངོས་རྩ་ཆེན་25ལ་མྱོང་རོལ་བྱེད་པའི་གོ་སྐབས་བྱུང་བས་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད།

(图文互动)(2)布达拉宫“云展览”让网友“宅家”细品雪域千年国宝

    ཕོ་བྲང་པོ་ཏ་ལར་ཉར་ཚགས་བྱས་པའི་གཡུ་ཡི་རྡོ་རྗེ། (ཟླ་3ཚེས་9ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཧྥེའེ་ཡིས་པར་བླངས།

(图文互动)(3)布达拉宫“云展览”让网友“宅家”细品雪域千年国宝

    ཕོ་བྲང་པོ་ཏ་ལར་ཉར་ཚགས་བྱས་པའི་གཡུ་ཡི་རྡོ་རྗེ་དྲིལ་བུ། (ཟླ་3ཚེས་9ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཧྥེའེ་ཡིས་པར་བླངས།

    དེ་ཉིན་ནི་ཕོ་བྲང་པོ་ཏ་ལས་ཟླ་3ཚེས་1ཉིན་ཐའོ་པའོ་ཐད་གཏོང་གི"དཔྱིད་དུས་གཟིགས་སྐོར"ཞེས་པའི་ལས་སྟེགས་དང་ཐོག་མར་མཉམ་འབྲེལ་གྱིས་དྲ་རྒྱའི་ཐད་གཏོང་བྱས་རྗེས་དྲ་གྲོགས་མང་ཚོགས་དང་ཐུག་ཐེངས་གཉིས་པ་ཡིན། ད་ཐེངས་ཀྱི་ཐད་གཏོང་ཁྲོད་ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ཡིས་གཡང་ཊིའི་ཡོ་ཆས་དང་ཤིང་ཏ་ལའི་ལོ་མའི་གསུང་རབ། སྐུ་འདྲ། ཐང་ག་སོགས་རྒྱལ་ཁབ་རིམ་པའི་རིག་དངོས་ཁག་གཅིག་ཧྲག་འདེམས་བྱས་ཡོད་ཅིང་། དཔེར་ན། སྤྱི་ལོའི་དུས་རབས་ལྔ་པའི་སྐབས་ཀྱི་རྒྱལ་བ་བྱམས་པའི་སྐུ་འདྲ་དང་དུས་རབས་བདུན་པའི་སྐབས་ཀྱི་ཤིང་ཏ་ལའི་ལོ་མའི་གསུང་རབ་སོགས་ཡོད་པ་དང་། རིག་དངོས་དེ་དག་གི་དུས་ཚོད་ནི་སྤྱི་ལོ་462ལོ་ནས་དུས་རབས་18པའི་བར་མི་འདྲ་བ་ཡོད།

(图文互动)(4)布达拉宫“云展览”让网友“宅家”细品雪域千年国宝

    ཕོ་བྲང་པོ་ཏ་ལར་ཉར་ཚགས་བྱས་པའི་རིག་དངོས། (ཟླ་3ཚེས་9ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

    གསར་འགོད་པས་ས་ཡུལ་དངོས་སུ་ཐད་གཏོང་ཐེངས་དང་པོ་བྱེད་སྐབས་བརྡ་རྟགས་སོགས་ཀྱི་ཚོད་འཛིན་ཕོག་པས་དྲ་ཐོག་ཡུལ་སྐོར་ལ་ཤུགས་རྐྱེན་ཐེབས་པའི་གནད་དོན་མི་ཐོན་ཆེད། ད་ཐེངས་ཀྱི"དྲ་ཐོག་འགྲེམས་སྟོན"གྱི་པར་ལེན་བྱ་ཡུལ་དེ་ཕོ་བྲང་པོ་ཏ་ལའི་དམར་པོ་རིའི་འདབས་ཀྱི་རང་བྱུང་བྲག་ཕུག་ཅིག་ཏུ་གཏན་འཁེལ་བྱས་ཡོད་དེ། ཕོ་བྲང་པོ་ཏ་ལའི་རིག་གནས་བློ་གསར་ཉམས་ལེན་ཁང་དུ་གཉེར་ཞིང་། ད་དུང་5Gབརྡ་རྟགས་ཀྱང་ཤར་གཏོང་བྱས་པས་ཐད་གཏོང་བདེ་བླག་ཡོང་བར་འགན་ལེན་བྱས་ཡོད། དེ་དང་ཆབས་ཅིག་དོ་དམ་ཁྲུའུ་ཡིས་ད་དུང་ཕོ་བྲང་པོ་ཏ་ལའི་ཆེད་ལས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་མི་སྣ་8བདམས་ནས"ཕོ་བྲང་པོ་ཏ་ལར་ཉར་ཚགས་བྱས་པའི་འབྲེལ་ཡོད་རིག་དངོས་ཀྱི་ད་ལྟའི་གནས་ཚུལ"དང"རིག་དངོས་ཀྱི་ལོ་རྒྱུས་རྒྱབ་ལྗོངས" "རིག་དངོས་སྐོར་གྱི་གཏམ་རྒྱུད" "བར་ཐག་ཉེ་ས་ནས་རྒྱལ་ཁབ་ཀྱི་ནོར་བུར་ལྟ་བ" "རིག་གནས་ཤེས་བྱ་ཆུང་ཆུང"སོགས་ཀྱི་ཐད་ནས་དྲ་ཐོག་ཏུ་ཆེད་ལས་ཀྱི་འཆད་འགྲེལ་བྱས་ཡོད།

(图文互动)(5)布达拉宫“云展览”让网友“宅家”细品雪域千年国宝

    ཕོ་བྲང་པོ་ཏ་ལར་ཉར་ཚགས་བྱས་པའི་ཤིང་ཏ་ལའི་ལོ་མའི་གསུང་རབ། (ཟླ་3ཚེས་9ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

    ངོ་སྤྲོད་བྱས་པར་གཞིགས་ན། དུས་ཡུན་སྐར་མ་90ཡི་རིང་ཕོ་བྲང་པོ་ཏ་ལའི"དྲ་ཐོག་འགྲེམས་སྟོན"ལྟ་མཁན་ཁྱོན་མི་ཐེངས་ཁྲི་80ཟིན་ནས་དེ་སྔོན་ལོ་ཧྲིལ་པོར་ས་ཡུལ་དངོས་སུ་ཡུལ་སྐོར་བྱེད་པའི་མི་གྲངས་ཀྱི་ཕྱེད་ཀ་ཡན་བརྒལ་བ་དང་དྲ་གྲོགས་མང་པོ་ཞིག་གིས་བསྔགས་བརྗོད་ཆེན་པོ་བྱས་ཡོད་པ་རེད།

(图文互动)(6)布达拉宫“云展览”让网友“宅家”细品雪域千年国宝

    ཕོ་བྲང་པོ་ཏ་ལར་ཉར་ཚགས་བྱས་པའི་ཐང་ག (ཟླ་3ཚེས་9ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།

    ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ཡི་རིག་དངོས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་རྡོ་རྗེ་ཕུན་ཚོགས་ཀྱིས"ང་ཚོར་ཐད་གཏོང་བྱས་པ་བརྒྱུད་ཕོ་བྲང་པོ་ཏ་ལའི་རིག་དངོས་རྩེ་གྲ་འགྲེམས་སྟོན་བྱེད་པ་དང་ཆབས་ཅིག་རིག་དངོས་སྲུང་སྐྱོང་དང་བེད་སྤྱོད་བྱེད་པའི་ད་ལྟའི་གནས་ཚུལ། བོད་ལྗོངས་དང་མེས་རྒྱལ་ནང་ས་དབར་འབྲེལ་བ་དམ་ཟབ་ཡོད་པའི་ལོ་རྒྱུས་བཅས་ངོ་སྤྲོད་བྱས་ནས་མི་དེ་བས་མང་བས་ཕྱིར་མི་བསྐྱོད་པར་ཕོ་བྲང་པོ་ཏ་ལའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཚོར་ཐུབ་པའི་རེ་བ་ཡོད"ཅེས་གསུངས།

(图文互动)(7)布达拉宫“云展览”让网友“宅家”细品雪域千年国宝

    ཕོ་བྲང་པོ་ཏ་ལར་ཉར་ཚགས་བྱས་པའི་སྐུ་འདྲ། (ཟླ་3ཚེས་9ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།

(图文互动)(8)布达拉宫“云展览”让网友“宅家”细品雪域千年国宝

    ཟླ་3ཚེས་9ཉིན། སྐུ་མགྲོན་ཞིག་གིས་དྲ་ཐོག་ཐད་གཏོང་ལྟ་བ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001388658501