བོད་ལྗོངས།
ཆུ་གསུམ་རྫོང་གིས“ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོར་སྐུལ་འདེད་བཏང་བ།

    ཉེ་བའི་ལོ་ཤས་རིང་ཆུ་གསུམ་རྫོང་གིས“ཐབས་བཞི་མཉམ་སྤྱོད”བྱས་པ་བརྒྱུད། “ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོར་སྐུལ་འདེད་བཏང་བར་ཕན་འབྲས་བཟང་པོ་ཐོན་པ་རེད།

    ཆུ་གསུམ་རྫོང་གིས་ལོ་ལྟར《བཅར་འདྲིའི་ཐོ་འགོད་རེའུ་མིག》པར་འགྲེམས་བྱས་ནས་རྫོང་རིམ་པའི་ལས་བྱེད་པས་དགོན་སྡེའི་གྲྭ་བཙུན་དང་འབྲེལ་བ་བྱེད་ཚུལ་ཐོ་འགོད་བྱེད་པ་དང་། ཟླ་རེར《ཆེད་དོན་ཆ་འཕྲིན་ཚགས་པར》དུས་ཐེངས་རེ་བཟོས་ནས་ཉམས་མྱོང་བཟང་པོ་དང་བྱ་ཐབས་བཟང་པོ་ཁྱབ་གདལ་གཏོང་བ། གཟའ་འཁོར་རེར《ལས་ཀའི་འགྲེམས་སྟོན་པར་གཞི》ཐེངས་རེ་བརྗེས་ནས་དགེ་འདུན་གྱིས“ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོའི་སྐོར་ཁོང་དུ་ཆུད་ཚད་མཐོ་རུ་གཏོང་བ། ཉིན་ལྟར《སྒྲོག་འགྲེལ་བྱེད་སྒོའི་ཉིན་ཐོ》རེ་བྲིས་ཏེ“གསར་བརྗེའི་སྒྲོག་འགྲེལ་པའི”ལས་དོན་སྤེལ་ཚུལ་ཟིན་ཐོ་ཞིབ་ཚགས་བཀོད་ནས་སྤྱོད་ཚུལ་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང“འགྲན་སློབ་སྙེག་བརྒལ”གྱི་ཕུགས་ཕན་ལམ་སྲོལ་རིམ་བཞིན་བཟོས་ཡོད། དེ་དང་དུས་མཚུངས“གཅིག་རེ་བཅུའི”ལས་ཀའི་བྱ་ཐབས་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ནས་རྒྱ་ཆེའི་དགོན་སྡེའི་གྲྭ་བཙུན་ལ“ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོའི་དོན་སྙིང་གལ་ཆེན་ངོས་འཛིན་གང་ལེགས་བྱེད་པར་སློབ་གསོ་ཁྲིད་སྟོན་བྱས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ་བཅས་ལ་སྔར་བས་ཤུགས་སྣོན་བརྒྱབ་པ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001391045201