བོད་ལྗོངས།
བོད་ལྗོངས་ནང་བསྟན་སློབ་གླིང་གི་ན་ཆུང་སྤྲུལ་སྐུ་6དམའ་རིམ་སློབ་འབྲིང་གི་སློབ་ཚན་ལེགས་གྲུབ་ཟིན་ནས“མཉེས་ཐང· ཕྲན་རམས་པའི”སློབ་གནས་ཐོབ་པ།

    བོད་ལྗོངས་ནང་བསྟན་སློབ་གླིང་གི་ན་ཆུང་སྤྲུལ་སྐུའི་འཛིན་གྲྭ་སྐབས་དང་པོའི་སྤྲུལ་སྐུ་6དམའ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་སྦྱོང་ལེགས་གྲུབ་ཟིན་ནས་ཚེས་13ཉིན་ལྷ་སར་བདེ་བླག་ངང་སློབ་མཐར་ཕྱིན་པ་རེད།

    བོད་ལྗོངས་ནང་བསྟན་སློབ་གླིང་གི་ན་གཞོན་སྤྲུལ་སྐུའི་འཛིན་གྲྭ་སྐབས་དང་པོའི་དམའ་རིམ་སློབ་འབྲིང་གི་སློབ་ཐོན་མཛད་སྒོ་དང་སློབ་སྦྱོང་སྦྱངས་འབྲས་སྙན་སེང་འགྲེམས་སྟོན་ཚོགས་འདུ་འཚོགས་པ་རེད།

    དམིགས་བསལ་གྱི་སློབ་ཐོན་མཛད་སྒོར་ན་ཆུང་སྤྲུལ་སྐུ་6གིས་གཏམ་བཤད་དང་། སྙན་ངག་གྱེར་འདོན། དབྱིན་སྐད་ཀྱི་གནས་ཚུལ་དངོས་མཚོན་འཁྲབ་ཚན། རྟགས་གསལ་གཏོང་བ་སོགས་ཀྱི་ཐོག་ནས་ཁོང་ཚོའི་ལོ་གསུམ་རིང་གི་སློབ་སྦྱོང་སྦྱངས་འབྲས་མངོན་པ་རེད།

    རྒྱལ་མཚན་བློ་གྲོས་ནི་བོད་བྱང་ཐང་ནག་ཆུ་ནས་ཡིན་ཞིང་། 2015ལོར་ནག་ཆུ་ཨུ་ཏོག་དགོན་གྱི་སྨན་ཤུལ་སྤྲུལ་སྐུ་སྐུ་ཕྲེང་དྲུག་པར་ངོས་འཛིན་བྱས་ཏེ་ཆོས་མིང་ལ་ཐུབ་བསྟན་འཇིགས་གྲགས་ཞེས་བཏགས་པ་དང་2016ལོ་ནས་ད་བར་བོད་ལྗོངས་ནང་བསྟན་སློབ་གླིང་དུ་སློབ་སྦྱོང་བྱེད་ཀྱི་ཡོད། ཁོང་གིས་གསར་འགོད་པར“ནང་བསྟན་སློབ་གླིང་དུ་ལོ་5སློབ་སྦྱོང་བྱེད་རིང་དམའ་རིམ་སློབ་འབྲིང་གི་སློབ་ཚན་ནི་རིག་གནས་སློབ་ཚན་གཙོ་བོར་བཟུང་བ་དང་ཆོས་ལུགས་སློབ་ཚན་ཡང་སྦྱངས་པ་ཡིན། དེ་རྗེས་ཆོས་ལུགས་སློབ་ཚན་གཙོ་བོར་སྦྱོང་རྒྱུ་ཡིན”ཞེས་བརྗོད།

    བྱེད་སྒོ་སྤེལ་རིང་ན་ཆུང་སྤྲུལ་སྐུ་ཚོར་ལྷ་ས་སློབ་འབྲིང་བརྒྱད་པའི་དམའ་རིམ་སློབ་འབྲིང་གི་སློབ་ཐོན་ལག་འཁྱེར་རག་པ་མ་ཟད། ད་དུང་བོད་ལྗོངས་ནང་བསྟན་སློབ་གླིང་གིས“མཉེས་ཐང· ཕྲན་རམས་པའི(བོད་བརྒྱུད་ནང་བསྟན་ཁྲོད་ཀྱི་དམའ་རིམ་སློབ་གནས)”སློབ་གནས་ཀྱང་སྤྲད་པ་རེད།

    བོད་རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་བོད་ལྗོངས་ནང་བསྟན་སློབ་གླིང་གི་ཡོན་ཀྲང་གཞོན་པ་ཀྲང་ལེང་ཐན་གྱིས། སློབ་གླིང་དེས《ལོ་16མན་གྱི་ན་ཆུང་སྤྲུལ་སྐུ་གསོ་སྐྱོང་བྱེད་པའི་སློབ་གསོའི་ཇུས་གཞི》བཟོས་ཡོད། ཇུས་གཞི་ལྟར་ན། ཆུང་སྤྲུལ་སྐུའི་འཛིན་གྲྭར་མཉམ་འབྲེལ་གསོ་སྐྱོང་བྱེད་སྟངས་སྤྱད་དེ་ནང་བསྟན་སློབ་གསོ་དང་རྒྱལ་དམངས་ཀྱི་འོས་འགན་སློབ་གསོ་ཟུང་འབྲེལ་བྱས་ཡོད། སྤྲུལ་སྐུའི་འཛིན་གྲྭ་སྐབས་དང་པོ་2015ལོའི་ཟླ་9པར་སློབ་འགོ་ཚུགས་ནས་2017ལོའི་ཟླ་7པར་སློབ་ཆུང་ཐོན་ཞིང་། ད་ཆ་ཁོང་ཚོ་དམའ་རིམ་སློབ་འབྲིང་ཐོན་པ་དང་ན་ཆུང་སྤྲུལ་སྐུ་ཁ་ཤས་སློབ་རྒྱུས་ལམ་ལུགས་འཛིན་གྲྭར་མུ་མཐུད་སློབ་སྦྱོང་བྱ་རྒྱུ་ཡིན་པ་དེ་ཐོག་ནས་ན་ཆུང་སྤྲུལ་སྐུ་ཚོ་སློབ་སྦྱོང་གི་དུས་མཚམས་གསར་པར་སླེབས་པ་མཚོན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001392136451