བོད་ལྗོངས།
པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་ནག་ཆུར་སྤྱི་ཚོགས་ཀྱི་བྱེད་སྒོ་དང་ཆོས་ཕྱོགས་ཀྱི་མཛད་སྒོ་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་གནང་བ།

    རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཡིན་པའི་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་ཟླ་8ཚེས་11ནས་ཚེས་25ཉིན་བར་ནག་ཆུར་སྤྱི་ཚོགས་ཀྱི་བྱེད་སྒོ་དང་ཆོས་ཕྱོགས་ཀྱི་མཛད་སྒོ་སྤེལ་གནང་བ་རེད། དེའི་རིང་པཎ་ཆེན་རིན་པོ་ཆེ་སྔ་རྗེས་སུ་ལྷ་རི་རྫོང་ཉང་གཡག་གསོ་ཚགས་རྟེན་གཞི་དང་། ལྷ་རི་རྫོང་བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས་རིག་གནས་རྟེན་རྫས་བཤམས་མཛོད་ཁང་། འདོད་འབྱུང་གནས་རི། འབྲི་ལུང་སོགས་སུ་ཕེབས་ནས་ཁྱད་ལྡན་ཐོན་ལས་འཛུགས་སྐྲུན་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས། བོད་ཀྱི་གསོ་བ་རིག་པ་སྲུང་སྐྱོབ་འཕེལ་རྒྱས། སྣོད་བཅུད་སྲུང་སྐྱོང་། ཡུལ་སྐོར་ཐོན་ཁུངས་གསར་སྤེལ་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་རེད།

    ཉང་གཡག་ནི་ལྷ་རི་རྫོང་ཁོ་ནར་ཡོད་པའི་འབྲོག་ལས་ཀྱི་ཁྱད་ལྡན་སྤུས་རྟགས་ཤིག་ཡིན་པ་དང་། ཉེ་བའི་ལོ་ཤས་རིང་ས་གནས་དེས“ཀུང་སི་དང་། རྟེན་གཞི། མཉམ་ལས་ཁང་། འབྲོག་དུད”བཅས་ཀྱི་མཉམ་ལས་བྱེད་སྟངས་ལ་བརྟེན་ནས་འབྲོག་ལས་ཀྱི་ཐོན་ཁུངས་དེ་ཐོན་ལས་ཀྱི་ལེགས་ཆར་བསྒྱུར་ཏེ་ཉང་གཡག་གི་རྒྱུད་བཟང་གསོ་སྤེལ་དང་མང་ཚོཌ་དབུལ་པོའི་ལས་ཞུཌ་འབབ་འཕར་ཆེད་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད།

    ཉང་གཡག་གསོ་ཚགས་རྟེན་གཞིར་པཎ་ཆེན་རིན་པོ་ཆེ་ཁྱུ་གཡག་གི་ལྷས་ར་དང་། “མུའུ་ཁྲི་དང་ཕྱུགས་རིགས་སྟོང”གི་ཚད་ལྡན་ཅན་གྱི་གསོ་ཚགས་རྟེན་གཞི། ལས་སྣོན་འཁོར་ཁང་། བྲིན་ཚོང་ཁང་བཅས་སུ་རྣམ་གྲངས་གཉེར་སྐྱོང་གི་ཕན་འབྲས་དང་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེཌ་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་སྟེ། ཚན་རིག་དང་མཐུན་པར་ཉང་གཡག་གསོ་ཚགས་དང་ཐོན་ལས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་བཀྲ་ཤིས་རྟེན་འབྲེལ་ཞུས་པ་དང་། རྣམ་གྲངས་གཉེར་སྐྱོང་ཁེ་ལས་ཀྱིས་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་ཚད་གཞི་མཐོ་ཞིང་ཚན་རིག་དང་མཐུན་པའི་གསོ་ཚགས་ལ་སྐུལ་འདེད་བཏང་སྟེ་འབྲོག་པ་མང་ཚོགས་ལ་ཕན་བདེ་དེ་བས་མང་བ་སྐྲུན་དགོས་པའི་ལྕག་སྐུལ་གནང་བ་རེད།

    ལྷ་རི་རྫོང་བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས་རིག་གནས་རྟེན་རྫས་བཤམས་མཛོད་ཁང་དུ་པཎ་ཆེན་རིན་པོ་ཆེས་འབྲེལ་ཡོད་འགན་འཁུར་བའི་གནས་ཚུལ་ངོ་སྤྲོད་ནན་ཏན་ངང་གསན་པ་དང་སྦྲགས། ས་གནས་དེ་གའི་བོད་ཀྱི་གསོ་བ་རིག་པའི་རིག་གནས་སྲུང་སྐྱོང་རྒྱུན་འཛིན་དང་། བོད་ཀྱི་གསོ་བ་རིག་པའི་ཤེས་ལྡན་པ་གསོ་སྐྱོང་། ཁྱད་ལྡན་བོད་སྨན་ཞིབ་འཇུག་གསར་སྤེལ་སོགས་ལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། པཎ་ཆེན་རིན་པོ་ཆེས་བོད་ཀྱི་གསོ་བ་རིག་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་གསོ་རིག་དང་སྨན་རྫས་རིག་པ་དང་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་གྲས་ཤིག་རེད། ང་ཚོས་སྟོན་ཕྱོགས་ལ་སྟངས་འཛིན་དང་། རིག་གཞུང་ལ་གཞི་ཚུགས་པ། རྒྱུན་འཛིན་ལ་དམིགས་པ་བཅས་བྱས་ཏེ། ཕུལ་བྱུང་སྲོལ་རྒྱུན་རིག་གནས་འདི་རྒྱུན་འཛིན་དང་། གསར་གཏོད། འཕེལ་རྒྱས་བཅས་ཡོང་བའི་ལོ་རྒྱུས་ཀྱི་འགན་འཁྲི་ལྕི་མོ་ཕྲག་ཏུ་ཁུར་ནས་བོད་ཀྱི་གསོ་བ་རིག་པའི་བྱ་གཞག་འཕེལ་རྒྱས་དང་མི་དམངས་ཀྱི་བདེ་ཐང་ཆེད་དུ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས་པ་རེད།

    བརྟག་ཞིབ་གནང་རིང་པཎ་ཆེན་རིན་པོ་ཆེས་ཕ་ཡུལ་གྱི་ཉིན་བཞིན་འགྱུར་ལྡོག་འགྲོ་བའི་རྣམ་པ་གསར་པར་བསྔགས་བརྗོད་ཆེན་པོ་གནང་ཞིང་། ཁོང་གིས་རང་ཉིད་ཁྲིར་འཁོད་ཚུན་ཕ་ཡུལ་དུ་ཐེངས་གསུམ་ཡོང་ནས་བྱེད་སྒོ་སྤེལ་བ་མ་ཟད། ད་དུང་དགའ་ཉེ་སྤུན་མཆེད་ལ་འཚམས་འདྲི་བྱེད་སྐབས། ཕ་ཡུལ་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་ཧ་ཅང་མཐོ་རུ་ཕྱིན་པ་མཐོང་བྱུང་ལ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་དང་མི་རིགས་ས་ཁུལ་ལ་ཚད་མཐོའི་མཐོང་ཆེན་དང་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་ཀྱང་སྔར་བས་ཟབ་མོ་ཚོར་བྱུང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་པར་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པའང་མིག་མཐོང་ལག་ཟིན་བྱུང་། ང་ཚོའི་མི་རིགས་ཁག་དང་ལས་རིགས་ཁག་གིས་ཆུ་འཐུང་དུས་ཆུ་འགོ་དྲན་པ་དང་དགེ་བརྩོན་ཡར་ཐོན་གྱིས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་ཟམ་མི་ཆད་པར་མངོན་འགྱུར་བྱེད་པའི་རླབས་ཆེན་གྱི་རྒྱང་སྐྱོད་ལམ་བུར་རང་སོའི་ནུས་པ་བཏོན་ཏེ། མིག་མདུན་གྱི་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་བ་དང་། མཐུན་སྒྲིལ་དང་སྒྲིག་ལམ་ལྡན་པ། དར་རྒྱས་གོང་འཕེལ་བཅས་ཀྱི་གྲུབ་འབྲས་ཆེན་པོ་མཉམ་དུ་སྲ་བརྟན་དང་སྲུང་སྐྱོང་བྱས་ནས་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་ཟབ་མོ་ཆུད་ཟོས་སུ་གཏན་ནས་གཏོང་མི་རུང་ཞེས་གསུངས་པ་རེད།

    ནག་ཆུར་ཞུགས་རིང་པཎ་ཆེན་རིན་པོ་ཆེས་ལྷ་རི་རྫོང་སྟག་རྩེ་དགོན་དང་། འབྲི་རུ་རྫོང་ཝང་ཐང་དགོན་དང་། རབ་བརྟན་དགོན། མདའ་མོ་དགོན། བན་དཀར་དགོན། སོག་རྫོང་ཙན་དན་དགོན་དང་རོང་པོ་རབ་བརྟན་དགོན་བཅས་སུ་ཆོས་ཕྱོགས་ཀྱི་མཛད་སྒོ་སྤེལ་གནང་བ་མ་ཟད། སྦྲ་ཆེན་རྫོང་སྤ་ཚང་དགོན་དུ་གནས་གཟིགས་ལ་ཕེབས་ནས་དགོན་སྡེ་ཁག་གི་གྲྭ་དམངས་ལ་བཀའ་ཆོས་གནང་བ་དང་སྦྲགས་དབང་བསྐུར་དང་ཕྱག་དབང་ཡང་གནང་བ་རེད།

    པཎ་ཆེན་རིན་པོ་ཆེས་ལྷ་སར་སྤྱི་ཚོགས་ཀྱི་བྱེད་སྒོ་དང་ཆོས་ཕྱོགས་ཀྱི་མཛད་འཕྲིན་གནང་གྲུབ་རྗེས་མེ་འཁོར་ལ་ཞུགས་ཏེ་ནག་ཆུར་ཕེབས་པ་རེད། ལྷ་སར་ཞུགས་རིང་པཎ་ཆེན་རིན་པོ་ཆེས་སྙེ་མོ་རྫོང་རུ་དགོན་དུ་ཆོས་ཕྱོགས་ཀྱི་མཛད་འཕྲིན་བསྐྱངས་པ་མ་ཟད། སྔ་རྗེས་སུ་སྙེ་མོ་རྫོང་གི་ཐོན་པ་གྲོང་རྡལ་གྱི་སྤོས་བཟོའི་སྲོལ་རྒྱུན་ཆུ་འཐག་ཁྱམས་རིང་དང་བོད་ལྗོངས་ཉིང་སོན་ཚན་རྩལ་ཚོགས་པ་ཚད་ཡོད་ཀུང་སིར་གཟིགས་ཞིབ་གནང་བ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001393241351