བོད་ལྗོངས།
“ཡོན་རྒྱལ་རབས་དུས་ཀྱི་ཞ་ལུ་དགོན་པའི་བོད་རྒྱ་སྒྱུ་རྩལ་འགྲེམས་སྟོན”པེ་ཅིང་དུ་གཉེར་བ།

    ཀྲུང་གོ་བོད་ཀྱི་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་མཐུན་ཚོགས་དང་། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས། བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་བཅས་ཀྱིས་གཙོ་གཉེར་བྱས་པའི“ཡོན་རྒྱལ་རབས་དུས་ཀྱི་ཞ་ལུ་དགོན་པའི་བོད་རྒྱ་སྒྱུ་རྩལ་འགྲེམས་སྟོན”ཉིན་ཤས་གོང་པེ་ཅིང་བོད་ལྗོངས་རིག་གནས་རྟེན་རྫས་བཤམས་མཛོད་ཁང་དུ་གཉེར་བ་རེད། ད་ཐེངས་ཀྱི་འགྲེམས་སྟོན་ལ་དེ་སྔོན་ཡོངས་བསྒྲགས་བྱེད་མྱོང་མེད་པའི་རྩ་ཆེའི་རིག་དངོས་ཤུལ་བཞག་མང་པོ་འགྲེམས་སྟོན་བྱས་ཡོད།

    འགྲེམས་སྟོན་ཐོག་རིག་དངོས་དང་། བཟོ་དབྱིབས། པར་རིས། བརྙན་ཐུང་སོགས་ཀྱི་རྣམ་པ་བརྒྱུད་ཡོན་རྒྱལ་རབས་དུས་ཀྱི་ཞ་ལུ་དགོན་པའི་ལོ་རྒྱུས་དང་། སྐྲུན་དངོས། སྒྱུ་རྩལ་གྱི་ཉམས་འགྱུར་བཅས་མངོན་པ་མ་ཟད། ད་དུང་ལྟ་ཕྱོགས་མང་པོ་ནས་སྐྱེ་བོ་ཀུན་ལ་ཡོན་རྒྱལ་རབས་ཀྲུང་དབྱང་སྲིད་གཞུང་གིས་བོད་ལ་ནུས་ལྡན་གྱི་སྲིད་འཛིན་དོ་དམ་ལག་བསྟར་བྱས་པའི་ལོ་རྒྱུས་ཀྱི་དོན་དངོས་དང་། དེ་བཞིན་ཡོན་རྒྱལ་རབས་ཀྱི་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་སྤེལ་རེས་ཀྱི་ལོ་རྒྱུས་རྒྱབ་ལྗོངས་འོག བོད་རྒྱ་མི་རིགས་ཀྱིས་ཨར་པོ་དང་རི་མོའི་སྒྱུ་རྩལ་ཁྱབ་ཁོངས་སུ་སྤེལ་རེས་དང་མཉམ་འདྲེས་བྱས་པ་མངོན་ཡོད།

(责任编辑: བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001395104841