བོད་ལྗོངས།
བོད་རང་སྐྱོང་ལྗོངས་ཀྱིས“ཚད་གཞི་བཞིར་བརྩི་སྲུང་ཞུས་ནས་སྔོན་ཐོན་གྲྭ་བཙུན་བརྩོན་ལེན་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོར་སྐུལ་འདེད་གཏོང་བའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ།

    ཟླ་3ཚེས་31ཉིན་རང་སྐྱོང་ལྗོངས་ཀྱིས“ཚད་གཞི་བཞིར་བརྩི་སྲུང་ཞུས་ནས་སྔོན་ཐོན་གྲྭ་བཙུན་བརྩོན་ལེན་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོར་རྒྱུན་རྣམ་ཅན་གྱི་སྐུལ་འདེད་གཏོང་བའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་གཞོན་པ་བསྟན་ཁོ་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

    བསྟན་ཁོས། བློ་མཐུན་ཝུའུ་དབྱིང་ཅེས་པན་ཀྲང་གནང་བའི་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་དང་དགོན་སྡེ་དོ་དམ་ཨུ་ལྷན་བཅས་ཀྱིས་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་ནས་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་དང་གནས་ཚད་མཐོན་པོས་སློབ་གསོ་ལག་ལེན་བྱེད་སྒོར་སྣེ་ཁྲིད་དེ་སྐུལ་འདེད་གཏོང་བ་དང་། དྲང་ཕྱོགས་ཀྱི་སྒྲོག་འགྲེལ་ལ་ཤུགས་སྣོན་རྒྱག་པ་དང་སློབ་གསོ་ལག་ལེན་བྱེད་སྒོ་མི་སེམས་སུ་གཏིང་ཟབ་ཟུག་པ། གསར་གཏོད་ཀྱི་གཞི་རྟེན་ལ་ཤུགས་སྣོན་རྒྱག་པ་དང་སློབ་གསོ་ལག་ལེན་བྱེད་སྒོར་ཕན་འབྲས་དངོས་ཐོན་པ། བཤེར་འདོན་དག་ཐེར་ལ་ཤུགས་སྣོན་རྒྱག་པ་དང་སློབ་གསོ་ལག་ལེན་བྱེད་སྒོའི་ཕན་འབྲས་ཆེ་རུ་གཏོང་བ། འཐུས་མི་དང་མི་སྣའི་ནུས་པར་ཤུགས་སྣོན་རྒྱག་པ་དང་སློབ་གསོ་ལག་ལེན་བྱེད་སྒོའི་སྟོན་ཕྱོགས་གསལ་པོ་ཡོང་བ་བཅས་བྱས་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་ནུས་ལྡན་བཏང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཅེས་གསུངས་པ་རེད།

    བསྟན་ཁོས“ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་བརྩོན་ལེན་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོར་རྒྱུན་རྣམ་ཅན་གྱི་སྐུལ་འདེད་བཏང་སྟེ་དགོན་སྡེའི་གྲྭ་བཙུན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དངོས་འབྲེལ་སློབ་སྦྱོང་ཐུབ་པ་དང་བློ་རྩེ་གཅིག་སྒྲིམ་གྱིས་གོ་བ་ལོན་པ་སྣེ་ཁྲིད་བྱེད་པ་དང་ཏང་གི་བྱེད་ཕྱོགས་སྲིད་ཇུས་དང་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ནས་འགག་རྩའི་དུས་སུ་ཁ་ཕྱོགས་ཡོད་པ་དང་མགོ་བོ་མི་རྨོངས་པའི་འགན་ལེན་བྱེད་པ་དང་། དངོས་འབྲེལ་ཡིད་ཆེས་ཐུབ་པ་བྱས་ནས་བསམ་བློ་གསར་པ་བྱ་སྤྱོད་ཀྱི་ཕྱོགས་སྟོན་ལ་བརྩིས་ཏེ་འགག་རྩའི་དུས་སུ་ངེས་ཤུགས་ཡོད་པ་དང་གཡོ་འགུལ་མི་ཐེབས་པའི་འགན་ལེན་བྱེད་པ། དངོས་འབྲེལ་བྱེད་ཐུབ་པ་བྱས་ནས“ཚད་གཞི་བཞི”ཐིག་ཤིང་དུ་བྱས་ཏེ་དག་ཐེར་ཁྲོད་ལྷག་པའི་གནད་དོན་འཚོལ་བཤེར་བྱས་ནས་འགག་རྩའི་དུས་སུ་བློས་འགེལ་ཆོག་པ་དང་ནུས་པ་ཐོན་ཐུབ་པའི་འགན་ལེན་བྱེད་པ་བཅས་རྒྱུན་རྣམ་ཅན་གྱི་སློབ་གསོ་ལག་ལེན་བྱེད་སྒོ་ཏན་ཏིག་དང་ནུས་ལྡན་སྤེལ་བ་ལས་བྱེད་སྒོའི་སྤུས་རྟགས་འདི་དངོས་འབྲེལ་ཡག་པོ་བསྒྲུབས་ནས་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001398540861