བོད་ལྗོངས།
བོད་ཀྱི་མི་རིགས་ཆོས་ལུགས་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཚེས་21ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས《བོད་ཞི་བས་བཅིངས་འགྲོལ་དང་དར་རྒྱས་གོང་འཕེལ》གྱི་རྒྱབ་ཤ་དཀར་པོའི་དེབ་བཏོན་ནས་རྒྱལ་ཁབ་ཀྱིས་བྱེད་ཕྱོགས་སྲིད་ཇུས་རབ་དང་རིམ་པ་བཟོས་པ་དང་། ཕྱོགས་ཡོངས་ནས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་དོན་འཁྱོལ་བྱས་ཏེ་རྒྱུན་གཏན་གྱི་ཆོས་ལུགས་བྱེད་སྒོར་ཁྲིམས་ལྟར་སྲུང་སྐྱོང་བྱས་ནས་མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    རྒྱབ་ཤ་དཀར་པོའི་དེབ་ནང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བོད་དུ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། རང་སྐྱོང་ལྗོངས་དབུ་བརྙེས་ཚུན་སྔ་རྗེས་སུ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཁག་152བཏོན་ནས་མི་རིགས་ཁག་གི་མི་དམངས་ཀྱི་ཁེ་དབང་ཁག་སྲུང་རྒྱུར་ཁྲིམས་སྐྱོང་གི་འགན་སྲུང་གལ་ཆེན་མཁོ་འདོན་བྱས་ཡོད་ཅེས་བསྟན་ཡོད།

    རྒྱབ་ཤ་དཀར་པོའི་དེབ་ནང་། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། མི་རིགས་ཁག་དབར་གྱི་དཔལ་འབྱོར་དང་རིག་གནས་སྤེལ་རེས་སྔར་བས་ཟབ་ཏུ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་སོང་ཡོད། བོད་དུ་ལོ་ལྟར་ཐེམ་ཐོ་བོད་ནས་ཡིན་པའི་སློབ་ཆེན་སློབ་མ་10%ཡན་གྱིས་ལྗོངས་ཕྱིར་ལས་ཞུགས་ཀྱི་གདམ་ག་བྱེད་པ་དང་། 2016ལོ་ཚུན་དུ་ཁྲལ་བསྡུ་དང་། དངུལ་རྩ། ས་ཞིང་སོགས་དང་འབྲེལ་བའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་52བཏོན་པ་ལས་སྲིད་འཛིན་ཞིབ་མཆན་འགོད་པའི་ལས་ཕྱོད་དང་ཞབས་ཞུའི་སྤུས་ཚད་མཐོ་རུ་ནུས་ལྡན་སོང་བ་དང་ཚོང་འགུགས་མ་འདྲེན་དུ་མ་དངུལ་སྒོར་དུང་ཕྱུར་2535དོན་འཁྱོལ་ཐུབ་ཡོད་ཅེས་འཁོད་ཡོད།

    རྒྱབ་ཤ་དཀར་པོའི་དེབ་ནང་། བོད་དུ་ད་ཆ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་1700ལྷག་ཙམ་དང་། གྲྭ་བཙུན་ཁྲི་4.6ཙམ་དང་། དབྱི་སི་ལམ་གྱི་ཕྱག་ཁང་4དང་མི་རབས་ནས་མི་རབས་བོད་དུ་སྡོད་པའི་དབྱི་སི་ལམ་གྱི་མང་ཚོགས་མི་12000ལྷག་ཙམ། གནམ་བདག་ཆོས་ཁང་1དང་དད་ལྡན་པ་700ལྷག་ཙམ་བཅས་ཡོད། བོད་དུ་ཆོས་ལུགས་ཁག་དང་གྲུབ་མཐའ་ཁག་ཚང་མ་འདྲ་མཉམ་ཡིན་ལ་དད་ལྡན་པ་དང་དད་པ་མི་བྱེད་པའི་མང་ཚོགས་ཚང་མར་ལྟ་སྟངས་གཅིག་པ་འཛིན་གྱི་ཡོད་ཅེས་འཁོད་ཡོད།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001399756251