གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། ན་ ནིང་ རང་ ལྗོངས་ ཀྱིས་ ཁྱོན་ ཆུ་ བེད་ ཐད་ མ་ དངུལ་ སྒོར་ དུང་ ཕྱུར་ 46བཏང་ ཡོད།
2014-03-27       གསར་འགྱུར་འབྱུང་ཁུངས། བོད་ལྗོངས་འཕྲིན་དྲ།        འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

    བོད་རང་སྐྱོང་ལྗོངས་ཆུ་བེད་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། བོད་རང་ལྗོངས་ཀྱིས་ན་ནིང་ཁྱོན་ཆུ་བེད་ཐད་མ་དངུལ་སྒོར་དུང་ཕྱུར་46བཏང་ནས་ཞིང་འབྲོག་ཁུལ་གྱི་མི་གྲངས་ཁྲི་28.23གྱི་འཐུང་ཆུའི་བདེ་འཇགས་གནད་དོན་དང་། མི་གྲངས་38400ཡི་གློག་གི་གནད་དོན་ཐག་གཅོད་བྱས་པ་དང༌། ཞིང་ཆུ་འདྲེན་ཁུལ་གྱི་རྒྱ་ཁྱོན་མུའུ་ཁྲི་32གསར་སྣོན་དང་ལེགས་བཅོས་བྱས་ཡོད་པ་རེད།

    ཤེས་རྟོགས་བྱས་པར་གཞིགས་ན། ལོ་ལྔ་ཚན་བཅུ་གཉིས་པའི་རིང༌། བོད་རང་ལྗོངས་ཀྱིས་ཞིང་འབྲོག་མང་ཚོགས་ཀྱི་འཐུང་ཆུའི་བདེ་འཇགས་གནད་དོན་ཕྱོགས་ཡོངས་ནས་ཐག་གཅོད་བྱེད་རྒྱུ་དང༌། སྒྲིག་ཚུད་གྲོང་ཁྱེར་དང་གནད་དོན་མངོན་གསལ་དོད་པའི་རྫོང་རིམ་པའི་གྲོང་རྡལ་གྱི་གཅིག་བསྡུས་རྣམ་པའི་འཐུང་ཆུའི་ཆུ་མགོའི་གནད་དོན་གཞི་རྩའི་ཐོག་ཐག་གཅོད་ཐུབ་པ་བྱེད་རྒྱུ། གྲོང་གསེབ་ཀྱི་ཆུ་གློག་ཁྱབ་ཁོངས་ནང་ཤང་གྲོང་རྡལ་ལ་གློག་ཤར་གཏོང་ཐུབ་ཚད་བརྒྱ་ཆ་བརྒྱ་དང་། མི་འབོར་ལ་གློག་ཤར་གཏོང་ཐུབ་ཚད་བརྒྱ་ཆ་90ཡན་ཟིན་ཐུབ་པ་བྱེད་རྒྱུའི་ཆུ་བེད་འཆར་འགོད་བཟོས་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ན་ནིང་བོད་རང་ལྗོངས་ཀྱིས་ཆུ་བེད་མ་དངུལ་སྒོར་དུང་ཕྱུར་46བཏང་བ་དེ་དག་ད་དུང་ཞིང་ནང་ཆུ་བེད་སྒྲིག་བཀོད་ཆུང་གྲས་འཛུགས་སྐྲུན་དང་། ཆུ་ལོག་དང་ས་གཤིས་ཀྱི་གནོད་འཚེ་འགོག་བཅོས། ཆུ་བོ་འབྲིང་ཆུང་བཅོས་སྒྲིག གཙོ་གནད་ཆུ་འདྲེན་ཁུལ་གྱི་འབྲེལ་ཡོད་རྣམ་གྲངས། ཆུ་བོ་འབྲིང་ཆུང་གི་ཆུ་དཔྱད་ལྟ་ཞིབ་མ་ལག་འཛུགས་སྐྲུན། དེ་མིན་རིགས་ཁག་གི་ཆུ་བེད་རྣམ་གྲངས་བཅས་ཀྱི་ཐད་ལ་ཡང་བེད་སྤྱོད་བཏང་ཡོད་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001332189261