གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། གཞིས་ རྩེས་ ཚོང་ སྒྱུར་ ལུག་ གསོ་ ཚགས་ རྟེན་ གཞི་ དང་ པོ་ དེ་ བཙུགས་ པ།
2014-04-30        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    ཉེ་ཆར་གམ་པའི་ལུག་གསོ་ཚགས་ཆེད་ལས་མཉམ་ལས་སྤྱི་ཁྱབ་ཁང་གིས་གམ་པ་རྫོང་འགྲིགས་ཤང་དུ་དངོས་སུ་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་ཤིང་།  དེ་ནི་གཞི་རྩེ་ས་ཁུལ་གྱི་ཚད་ལྡན་ཅན་གྱི་ཚོང་སྒྱུར་ལུག་གསོ་ཚགས་རྟེན་གཞི་དང་པོ་དེ་ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན།གམ་པ་རྫོང་གི་གམ་པའི་ལུག་གསོ་ཚགས་ཆེད་ལས་མཉམ་ལས་སྤྱི་ཁྱབ་ཁང་དེ་གསོ་ཚགས་དུད་ཚང་ཆེན་པོ་སྲི་ཐར་གྱིས་འདི་ལོའི་ཟླ་1ཚེས་10ཉིན་འགོ་ཁྲིད་ནས་བཙུགས་པ་ཞིག་དང་ཟླ་1ཚེས་13ཉིན་དངོས་སུ་ཐོ་འགོད་བྱས་པ་རེད།  མཉམ་ལས་ཁང་དེ་རྫོང་ཡོངས་ཀྱི་ཤང་གྲོང་5དང་སྲིད་འཛིན་གྲོང་ཚོ་29ལ་ཁྱབ་པ་དང་ད་ལྟ་མི་1860དང་ལག་ཡོད་ལུག་མགོ་གྲངས་145421ཡོད།  འདི་ལོ་ལུག་བཤས་གཏོང་ཚད་མགོ་གྲངས་ཁྲི་4ཙམ་ཟིན་ནས་ལོའི་ཕྱིར་ཚོང་གྲངས་འབོར་སྒོར་ཁྲི་3600ཡན་ཟིན་རྒྱུ་ཡིན་པ་རེད།

    གམ་པ་རྫོང་གི་རྫོང་དཔོན་ཧོ་ལི་མིང་གིས་མཉམ་ལས་ཁང་གིས“མཉམ་ལས་ཁང་དང་།  གསོ་ཚགས་རྟེན་གཞི།ཞིང་དུད་བཅས་ཟུང་འབྲེལ”གྱི་ལམ་སྲོལ་སྤྱད་དེ་གམ་པའི་ལུག་གསོ་ཚགས་ལག་རྩལ་ལེགས་གཏོང་ཚོད་ལྟ་དང་།  དཔེ་སྟོན།  ཁྱབ་གདལ་བཅས་དང་།གསོ་ཚགས་ལག་རྩལ་གསོ་སྦྱོང་དང་དེ་བཞིན་ལས་སྒོའི་མཛུབ་ཁྲིད།  ཁྲོམ་རའི་ཚན་རྩལ་ཆ་འཕྲིན་ཞབས་ཞུ།  གཅིག་སྡུད་གཅིག་གྱུར་ཕྱིར་ཚོང་དང་རྒྱུད་བཟང་མཁོ་འདོན་བཅས་བྱེད་འགན་འཁུར་གྱི་ཡོད།  མཉམ་ལས་ཁང་གིས་རྟེན་གཞི་གསོ་ཚགས་དང་ཞིང་དུད་གསོ་ཚགས་ཟུང་འབྲེལ་གྱི་བྱེད་སྟངས་སྤྱད་དེ་གམ་པའི་ལུག་གསོ་ཚགས་ཐོན་ལས་ཅན་དུ་འཕེལ་རྒྱས་གཏོང་བའི་ལམ་བུ་སྔར་བས་རྒྱ་ཆེར་བཏང་ནས་གཞིས་རྩེ་ས་ཁུལ་གྱི་གམ་པའི་ལུག་གསར་སྤེལ་ཐད་ཀྱི“སྒེར་གཉེར་དུད་ཚང་མཉམ་འབྲེལ་དང་ཐུན་མོང་འཕེལ་རྒྱས”ཀྱི་འཕེལ་རིམ་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་ཞིང་འབྲོག་པར་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་གསར་པ་ཞིག་བཏོད་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན།མིག་སྔར་གམ་པ་རྫོང་གི་གམ་པའི་ལུག་གསོ་ཚགས་ཆེད་ལས་མཉམ་ལས་སྤྱི་ཁྱབ་ཁང་གིས་གམ་པའི་ལུག་དེ་རྒྱལ་ཁབ་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་དང་ནད་ཡམས་བརྟག་ཞིབ་སྤྱི་ཁྱབ་ཅུས་ལ་ས་ཁམས་མཚོན་རྟགས་ཀྱི་སྲུང་སྐྱོབ་ཐོན་རྫས་ལ་འདུན་ཞུ་བྱེད་བཞིན་ཡོད།ད་ལྟ་འབྲེལ་ཡོད་ཀྱི་དཔྱད་གཞིའི་ཡིག་ཆ་སྒྲིག་བཟོ་བྱས་ཏེ་གཞིས་རྩེ་ས་ཁུལ་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་དང་ནད་ཡམས་བརྟག་ཞིབ་ཅུས་དང་རྒྱལ་ཁབ་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་དང་ནད་ཡམས་བརྟག་ཞིབ་སྤྱི་ཁྱབ་ཅུས་ཀྱིས་ཞིབ་མཆན་འགོད་བཞིན་ཡོད་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001333006281