གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། ནག་ ཆུའི་ འབྲོག་ ལས་ སྒྱུར་ བཅོས་ བྱེད་ མགྱོགས་ སུ་ བཏང་ བ།
2014-06-16        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    ད་ལོ་ནག་ཆུ་ས་ཁུལ་གྱིས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་ལེན་བསྟར་བ་དང“སྲིད་ཇུས་བརྟན་པོ་དང་།སྒྱུར་བཅོས་གསར་གཏོད།རྒྱུན་སྲིང་འཕེལ་རྒྱས”བཅས་ཀྱི་སྤྱིའི་བླང་བྱར་གཞིགས་ཏེ་གཞི་རྩའི་རྩྭ་ཐང་དབྱེ་འབྱེད་གཏན་འབེབས་དང་།རྩྭ་རའི་བདག་དབང་གཏན་འཁེལ་གྱི་ཐོ་འགོད་དང་ལག་ཁྱེར་སྤྲོད་པ།རྩྭ་ར་སྐོར་སྐྱོད།ཞིང་འབྲོག་ལས་ཀྱི་གཉེར་སྐྱོང་མ་ལག་གསར་པ་འཛུགས་པ་བཅས་ཕྱོགས་བཞི་ནས་འགོ་བརྩམས་ཏེ་ཞིང་ལས་སྒྱུར་བཅོས་བྱེད་ཤུགས་ཆེ་རུ་བཏང་བས་ཞིང་འབྲོག་པར་འབབ་འཕར་དང་ཞིང་འབྲོག་ལས་ལ་ཕན་འབྲས་ཆེ་རུ་སོང་ཡོད་པ་རེད།

    གཞི་རྩའི་རྩྭ་ཐང་གི་དབྱེ་འབྱེད་གཏན་འབེབས་ཀྱི་ལས་དོན་ཧུར་ཐག་སྤེལ་ཞིང་།ས་ཆ་བེད་སྤྱོད་སྤྱིའི་འཆར་འགོད་གྱི་རྩ་དོན་དང་རྩྭ་ཐང་བདག་དབང་གི་འབྲེལ་བ་མི་འགྱུར་བའི་རྩ་དོན་དང་དེ་བཞིན་གཙོ་གནད་འབུར་ཐོན་དང་སྤྱི་ཡོངས་ལ་སྐུལ་འདེད་གཏོང་བའི་རྩ་དོན་ལ་གཞིགས་ཏེ་ས་ཁུལ་ཡོངས་ཀྱི་རྫོང་1དང་ཤང་གྲོང་114ལ་ཐོན་སྐྱེད་དང་སྣོད་བཅུད་ཟུང་འབྲེལ་ནུས་ལྡན་དང་སྣོད་བཅུད་སྲུང་སྐྱོབ་བྱ་རྒྱུ་ཨང་དང་པོར་འཇོག་པའི་གཞི་རྩའི་བྱེད་ཕྱོགས་མཐའ་འཁྱོངས་བྱས་ཏེ་རྩྭ་ཐང་སྲུང་སྐྱོང་གི་ཁ་གསབ་བྱ་དགའི་ལམ་སྲོལ་སྲིད་ཇུས་ཁྲོད་ཀྱི་ཕྱུགས་བཀག་ཁུལ་དང་།རྩྭ་ཕྱུགས་སྙོམས་སྒྲིག་ཁུལ།མིས་བཟོས་རྩྭ་ར་དང་དེ་བཞིན་ནུས་པ་གཞན་ལྡན་པའི་རྩྭ་ཐང་གཞི་རྩའི་རྩྭ་ཐང་གི་ཁྱབ་ཁོངས་སུ་བཅུག་པ།ལྟ་ཞིབ་དོ་དམ་ལ་ཤུགས་སྣོན་བརྒྱབ་པ།སྣོད་བཅུད་བདེ་འཇགས་སྲུང་སྐྱོང་བཅས་བྱས་ཏེ་འབྲོག་ལས་རྒྱུན་སྲིང་ངང་འཕེལ་རྒྱས་ཡོང་བ་བྱ་རྒྱུ་དེ་ད་ལོའི་ལོ་མཇུག་ཏུ་ས་ཁུལ་ཡོངས་སུ་40%ཡན་གྱི་རྩྭ་ཐང་གཞི་རྩའི་རྩྭ་ཐང་དུ་གཏན་ལ་ཕབ་ཡོད་པ་རེད།

    རྩྭ་ཐང་གི་བདག་དབང་གཏན་འཁེལ་ཐོ་འགོད་ལག་ཁྱེར་སྤྲོད་པའི་ལས་དོན་སྤེལ་ཞིང་།“བཅའ་ཁྲིམས་དང་གཏན་འབེབས་ལ་གཞིགས་པ་དང་།དངོས་ཐོག་བདེན་འཚོལ།དམངས་འདུན་ལ་བརྩི་བཀུར།བརྟན་ལྷིང་སྲུང་སྐྱོང”བཅས་ཀྱི་རྩ་དོན་ལ་གཞིགས་ཏེ་འབྲོག་ཁུལ་དུ“ཡུན་རིང་མི་འགྱུར་བ་གསུམ”གྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་རྒྱུན་འཁྱོངས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ད་ལོ་རྩྭ་ཐང་མཉམ་སྡེབ་ལ་དབང་བའི་ངོ་བོ་དང་སྤྱོད་སྒོ་མི་བསྒྱུར་བ་དང་དེ་བཞིན་རྩྭ་ཐང་འགན་གཙང་གི་ཁེ་དབང་ལ་གནོད་འཚེ་མི་གཏོང་བའི་རྨང་གཞིའི་ཐོག་ནུབ་རྒྱུད་ཀྱི་རྫོང་ཁག་ལ་རྩྭ་ཐང་གི་བདག་དབང་གཏན་འཁེལ་ཐོ་འགོད་བྱས་ནས་ལག་འཁྱེར་སྤྲོད་པའི་ཚོད་ལྟའི་ལས་དོན་སྤེལ་ཡོད་པ་རེད།

    རྩྭ་ཐང་སྐོར་སྤྱོད་ཀྱི་ལས་ཀ་བརྟན་པོའི་ངང་སྤེལ་ཡོད་ཅིང་།རྩྭ་ཕྱུགས་སྙོམས་སྒྲིག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་སྲིད་འཛིན་གྲོང་ཚོ་ཚན་པར་བྱེད་པའི་རྩྭ་ཐང་སྐོར་སྤྱོད་ཀྱི་ཚོད་ལྟའི་ལས་དོན་སྤེལ་ཡོད།རྩྭ་ཐང་སྐོར་སྤྱོད་བྱེད་སྐབས“ས་བབ་དང་བསྟུན་པ་དང་།རང་མོས་གཉིས་ཕན།སྡེབ་སྒྲིག་ལེགས་གཏོང་།གོ་རིམ་ཚད་ལྡན།རྩྭ་ཐང་གི་སྤྱོད་སྒོར་འགྱུར་བ་མི་གཏོང་བའི”རྩ་དོན་ལ་གཞིགས་ཏེ་འགན་གཙང་གཞན་ལ་སྤྲོད་པ་དང་།ནང་བཤུག་བྱེད་པ།བརྗེ་ལེན་བྱེད་པ།བོགས་མ་གཏོང་བ།མཉམ་ལས་བྱེད་པ།མ་རྐང་འཇོག་པ་སོགས་ཀྱི་རྣམ་པའི་ཐོག་ནས་སྐོར་སྤྱོད་བྱས་ཡོད།2015ལོར་སྐོར་སྤྱོད་ཀྱི་གཞི་ཁྱོན་མུ་མཐུད་ཆེ་རུ་བཏང་བས་ས་ཁུལ་ཡོངས་ཀྱི་རྩྭ་ཕྱུགས་དོ་སྙོམས་ཡོང་རྒྱུར་སྐུལ་མ་ཐེབས་ཡོད་པ་རེད།

    ཞིང་འབྲོག་ལས་ཀྱི་གཉེར་སྐྱོང་མ་ལག་གསར་པ་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད་ཅིང་།ཆ་རྐྱེན་ཡོད་པའི་མཉམ་ལས་རྩ་འཛུགས་ཀྱིས་ཀུང་སི་འཛུགས་རྒྱུར་སྐུལ་མ་བཏང་སྟེ་ཞིང་འབྲོག་གི་ཐོན་ཟོག་ལས་སྣོན་ཞིབ་ཚགས་བྱེད་པ་དང་།ཐོན་ལས་འཁོར་འབྲེལ་བྱེད་ཡུན་རིང་དུ་གཏོང་བ།ཟུར་གནས་རིན་ཐང་མཐོ་རུ་གཏོང་བ།མཉམ་ལས་རྩ་འཛུགས་ཀྱི་ཕྱོགས་བསྡུས་འགྲན་ནུས་ཆེ་རུ་གཏོང་བ་བཅས་ཀྱི་ལས་ལ་གཞོལ་བས་ཞིང་འབྲོག་པར་འབབ་འཕར་དང་ཞིང་འབྲོག་ལས་ལ་ཕན་འབྲས་ཆེ་རུ་སོང་ཡོད།རང་ཉིད་ལ་ཀུང་སི་གཉེར་བའི་ཆ་རྐྱེན་མ་འཛོམས་ཚེ་མཉམ་ལས་རྩ་འཛུགས་ཀྱིས་དམིགས་བསལ་གྱི་བཟང་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་།ཆ་རྐྱེན་སྐྲུན་པ།ཞིང་འབྲོག་ཁེ་ལས་དང་མཉམ་ལས་ཧུར་ཐག་བྱེད་པ་བཅས་ཀྱི་ཐོག་ནས་མཉམ་ལས་རྩ་འཛུགས་ཀྱི་ཁྲོམ་རའི་འགྲན་ནུས་ཆེ་རུ་བཏང་ཡོད་པ་རེད།  

མཛའ་འབྲེལ་དྲ་བ།
010020070840000000000000011100001334102221