གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། བོད་ ལྗོངས་ ཀྱིས་ ཞིང་ འབྲོག་ ཁུལ་ གྱི་ ཕྱོགས་ གཉིས་ སྦྲག་ སྲིད་ མྱུར་ སྐྱེལ་ ཟོག་ འགྲེམས་ མ་ ལག་ འཛུགས་ རྒྱུ་ ཡིན་ པ།

 
2016-01-06        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    གསར་འགོད་པས་རང་ལྗོངས་ཀྱི་སྦྲག་སྲིད་དོ་དམ་སྡེ་ཚན་ནས་ཤེས་རྟོགས་བྱས་པར། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། རང་ལྗོངས་ཀྱིས་ས་ཁུལ(གྲོང་ཁྱེར)7དུ་མྱུར་སྐྱེལ་ཟོག་འགྲེམས་ལྟེ་གནས་བསྐྲུན་ཏེ་ཞིང་འབྲོག་ཁུལ་གྱི་ཕྱོགས་གཉིས་སྦྲག་སྲིད་མྱུར་སྐྱེལ་ཟོག་འགྲེམས་མ་ལག་བསྐྲུན་རྒྱུ་ཡིན་པ་དང་དུས་མཚུངས། དངུལ་རྩ་དང་འགན་བཅོལ་སོགས་སྤྱི་པའི་ཞབས་ཞུ་དང“དྲ་སྦྲེལ་རྒྱས་པའི”ལས་སྒོ་གཏོད་རྒྱུ་མ་ཟད། རང་ལྗོངས་ཀྱིས་ད་དུང་ཞིང་འབྲོག་ཁུལ་གྱི་སྦྲག་སྲིད་ཕྱོགས་བསྡུས་ཞབས་ཞུའི་སྟེགས་བུ་བསྐྲུན་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་འབྲོག་ཁུལ་གྱི་ཕྱོགས་གཉིས་སྦྲག་སྲིད་མྱུར་སྐྱེལ་ཟོག་འགྲེམས་མ་ལག་དང་ཞིང་འབྲོག་ཁུལ་གྱི་སྦྲག་སྲིད་ཕྱོགས་བསྡུས་ཞབས་ཞུའི་སྟེགས་བུར་བརྟེན་ནས་རང་ལྗོངས་ཀྱིས་ད་དུང་མྱུར་སྐྱེལ་ཁེ་ལས་ཀྱིས་སྒོ་རྩིས་ཚོང་ཁང་དང་། སྟབས་བདེའི་ཚོང་ཁང་། མུ་འབྲེལ་ཚོང་ཁང་བཅས་སམ་ཡང་ན་ཕྱོགས་གསུམ་པ་སོགས་སྤྱད་དེ་མྱུར་སྐྱེལ་དངོས་ཟོག་འཇོག་ས་འཛུགས་རྒྱུར་རྒྱབ་སྐྱོར་བྱས་ཏེ་ས་ཁུལ(གྲོང་ཁྱེར)དང་། རྫོང(ཆུས)ཤང(གྲོང་རྡལ)བཅས་ཀྱི་རིམ་གསུམ་འགྲིམ་འགྲུལ་འགྲུལ་སྐྱེལ་ས་ཚིགས་སུ་མྱུར་སྐྱེལ་ཁོངས་གཏོགས་ཀྱི་ལེ་ལག་ཚང་བའི་སྒྲིག་ཆས་འཛུགས་རྒྱུ་དང་། ད་ཡོད་ཀྱི་གྲོང་གསེབ་ཞབས་ཞུའི་ལྟེ་གནས་དང་ཞིང་སྤྱོད་དངོས་རྫས་ཚོང་ཁང་། དེ་བཞིན“གྲོང་ཁྲི་ཤང་སྟོང”སོགས་ཀྱི་སྟེགས་བུ་བརྒྱུད་དེ་མྱུར་སྐྱེལ་ཞབས་ཞུ་ཞོར་འདྲེན་བྱ་རྒྱུ། མྱུར་སྐྱེལ་ཁེ་ལས་ལ་སྐུལ་ལྕག་བྱས་ཏེ་བཀོལ་སྤྱོད་རིག་ནུས་མྱུར་སྐྱེལ་དངོས་ཟོག་སྒམ་སོགས་སྒྲིག་ཆས་ཁྱབ་གདལ་བཏང་ནས་ཟོག་སྐྱེལ་གྱི“མཐའ་མའི་འགག་གནད”ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ། གྲོང་ཁྱེར(ས་ཁུལ)དང་། རྫོང(ཆུས)ཤང(གྲོང་རྡལ)བཅས་ཀྱི་རིམ་གསུམ་སྦྲག་སྲིད་མྱུར་སྐྱེལ་དངོས་ཟོག་སྐྱེལ་འདྲེན་ས་ཚིགས་འཐུས་སྒོ་ཚང་དུ་གཏོང་རྒྱུ་བཅས་རེད།

    མ་ལག་དེས་སྦྲག་སྲིད་དྲ་རྒྱ་གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁྱབ་པའི་ལེགས་ཆ་འདོན་སྤེལ་བྱས་ཏེ་སྲོལ་རྒྱུན་གྱི་བསམ་ཕྱོགས་བཀག་རྒྱ་གཏོར་རྒྱུ་དང་། སྦྲག་སྲིད་ལས་སྒོའི་ཁྱབ་ཁོངས་རྒྱ་ཆེར་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཕྱོགས་གཉིས་ཀའི་ཟོག་འགྲེམས་མ་ལག་བསྐྲུན་རྒྱུ། བཟོ་ལས་ཐོན་རྫས་གཤམ་སྐྱོད་བྱ་རྒྱུ་དང་། ཞིང་ཞོར་ཐོན་ཟོག་གྲོང་ཁྱེར་དུ་བསྐྱོད་རྒྱུ། ཕྱིར་ཐོན་རྒྱུ་བཅས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་ནས་རང་ལྗོངས་ཀྱི་ས་མཐོའི་ཁྱད་ལྡན་ཞིང་ཞོར་ཐོན་ཟོག་རྟེན་གཞི་བསྐྲུན་རྒྱུ་དང་། དེ་བཞིན་ཞིང་ལས་ཐོན་ལས་ཅན་དང་གཞི་ཁྱོན་ཅན་དུ་འཕེལ་རྒྱས་གཏོང་རྒྱུ། ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་རྒྱུ་བཅས་རེད།

    རང་ལྗོངས་འདི་ཉིད་ས་རྒྱ་ཆེ་ལ་མི་འབོར་ཉུང་བ་དང་ལྷག་པར་དུ་ཞིང་འབྲོག་ཁུལ་དུ་ཁྱད་ཆོས་དེ་དེ་བས་མངོན་གསལ་དོད་པོ་ཡོད། སྦྲག་སྲིད་དྲ་ཚིགས་ཀྱི་ཐོན་ཁུངས་སྤྱད་དེ་དངུལ་རྩ་དང་འགན་བཅོལ་སོགས་སྤྱི་པའི་ཞབས་ཞུ་དང“དྲ་སྦྲེལ་རྒྱས་པའི”ལས་སྒོ་གཏོད་པ་དང་ཞིང་འབྲོག་ཁུལ་གྱི་སྦྲག་སྲིད་ཕྱོགས་བསྡུས་ཞབས་ཞུའི་སྟེགས་བུ་བསྐྲུན་རྒྱུ་དེས་མ་གནས་ཆུང་བའི་ཐོག་ནས་སྤྱི་པའི་ཞབས་ཞུའི་ཆ་སྙོམས་ཅན་གྱི་ཚད་གཞི་མཐོ་རུ་བཏང་སྟེ་བོད་ཀྱི་སྤྱི་པའི་ཞབས་ཞུའི་རྙོག་འཛིང་ཆེ་བའི་གནད་དོན་ཐག་གཅོད་བྱ་རྒྱུ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001349824301