བོད་ལྗོངས།
བོད་ལྗོངས་ཀྱི་སྒྲིག་ཚུད་གྲོང་ཚོ་669ལ་ཨར་འདམ་ལམ་བཏིང་པ།

    འདི་ནི་2019ལོའི་ཟླ་10ཚེས་27ཉིན་པར་བླངས་པའི་ཁྲོན་བོད་གཞུང་ལམ་ཐང་སྨད་ལམ་དུམ་བུའི་ཐོག་གི་འཕྲེད་ལུང་རོང་ཟམ་ཆེན་ཡིན། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཧྥེའེ་ཡིས་པར་བླངས།    

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་1ཚེས་8ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་རྟོགས་བྱུང་བར། 2019ལོར་བོད་ཀྱིས་གྲོང་གསེབ་གཞུང་ལམ་སྤྱི་ལེ་4700གསར་སྐྲུན་དང་བསྐྱར་སྐྲུན་བྱས་ནས་ལོ་འཁོར་དུ་ཤང་དང་གྲོང་རྡལ་22དང་སྒྲིག་ཚུད་གྲོང་ཚོ་669ལ་ཨར་འདམ་ལམ་བཏིང་པ་རེད།

    2019ལོའི་ཟླ་8ཚེས་3ཉིན་པར་བླངས་པའི་བོད་ལྗོངས་མངའ་རིས་ས་ཁུལ་ནང་ཁོངས་སུ་གནས་པའི་སྤང་གོང་མཚོའི་འགྲམ་གྱི་གཞུང་ལམ། (མི་མེད་གནམ་གྲུས་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།

    དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་ཞིང་འབྲོག་མང་ཚོགས་ཀྱི་ཕྱུག་འགྱུར་འབབ་འཕར་ལ་འགྲིམ་འགྲུལ་གྱི་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱ་ཆེད། བོད་ཀྱིས“བཟང་པོ་བཞི་ལྡན་གྱི་གྲོང་གསེབ་ལམ”འཛུགས་སྐྲུན་བྱས་པ་རེད། 2019ལོར་བོད་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་ཁ་གསབ་གྲོན་དངུལ་སྒོར་དུང་ཕྱུར་2.21བཀོད་སྒྲིག་བྱས་ནས་གྲོང་གསེབ་གཞུང་ལམ་བདག་སྐྱོང་ལ་སྤྱད་པ་དང་གྲོང་གསེབ་གཞུང་ལམ་བདེ་འཇགས་ཀྱི་ཚེ་སྲོག་གི་འགོག་སྲུང་ལས་གྲྭ་སྤྱི་ལེ་14478བཅོས་སྒྲིག་བྱས་ནས་ཞིང་འབྲོག་པའི་བདེ་འཇགས་ཕྱིར་སྐྱོད་ཀྱི་ཆ་རྐྱེན་མངོན་གསལ་དོད་པོའི་ལེགས་སུ་ཕྱིན་པ་རེད།

    བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ནང་ཁོངས་སུ་གནས་པའི་གྲོང་གསེབ་ཏུ་སྐྱོད་པའི་གཞུང་ལམ། (2019ལོའི་ཟླ་6ཚེས་4ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།

    བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཐིང་ཀྲང་ཡུང་ཅིས་2020ལོར་བོད་དུ་ལྗོངས་ཡོངས་ཀྱི་གཞུང་ལམ་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་10.4ཟིན་པར་བྱས་ནས། ཆ་རྐྱེན་ལྡན་པའི་ཤང་དང་གྲོང་རྡལ་དང་སྒྲིག་ཚུད་གྲོང་ཚོར་ཤར་གཏོང་ཐུབ་ཚད་སོ་སོར་95%དང་75%ཟིན་པའི་བརྩོན་ལེན་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001386933631