བོད་ལྗོངས།
བོད་ལྗོངས་ཀྱི་སྲིད་འཛིན་གྲོང་ཚོ་ཚང་མར་སྦྲག་ཁང་བསྐྲུན་པ།

    གསར་འགོད་པར་ཉེ་ཆར་འཚོགས་པའི་2020ལོའི་ལྗོངས་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་གྱི་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 2019ལོར་རང་ལྗོངས་ཀྱི་སྦྲག་སྲིད་བྱ་གཞག་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་ཕྱིན་ནས་སྤྱི་ཚོགས་དང་དཔལ་འབྱོར་གྱི་ཕན་འབྲས་ཉིན་བཞིན་མངོན་གསལ་དོད་དུ་ཕྱིན་ཡོད་པ་རེད།

    2019ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར། ལྗོངས་ཡོངས་ཀྱི་སྦྲག་སྲིད་ལས་རིགས་ཀྱི་ལས་སྒོའི་ཡོང་འབབ(སྦྲག་སྲིད་གསོག་འཇོག་དངུལ་ཁང་གི་ཐད་ཀའི་ལས་གཉེར་ཡོང་འབབ་ཚུད་མེད་པ)རིམ་རྩིས་བརྒྱབ་ན། སྒོར་དུང་ཕྱུར་5.59ཟིན་པ་དེ་དུས་མཚུངས་ལས་11.96%འཕར་བ་དང་། ལས་སྒོའི་དངུལ་འབོར་སྒོར་དུང་ཕྱུར་4.33ཟིན་པ་དེ་དུས་མཚུངས་ལས་12.61%འཕར་ཡོད། ལྗོངས་ཡོངས་ཀྱི་མྱུར་སྐྱེལ་ཞབས་ཞུའི་ཁེ་ལས་ཀྱི་ལས་འབོར་ཁྲི་778.65ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས་19.37%འཕར་ཡོད། ལས་སྒོའི་ཡོང་འབབ་དངུལ་འབོར་སྒོར་དུང་ཕྱུར་2.48ཟིན་པ་དེ་དུས་མཚུངས་ལས་13.06%འཕར་བ་དང་གཞི་རྩའི་ཆ་ནས་ཤང་དང་གྲོང་རྡལ་དང་དེ་ཡན་གྱི་གྲོང་ཁྱེར་ལ་སྦྲག་སྲིད་ལས་གཉེར་ཁང་ཕྱོགས་ཡོངས་ནས་ཁྱབ་པ་དང་། སྲིད་འཛིན་གྲོང་ཚོར་སྦྲག་ཁང་ཕྱོགས་ཡོངས་ནས་ཁྱབ་པ། ལྗོངས་ཡོངས་ཀྱི་མྱུར་སྐྱེལ་ལས་སྒོའི་སྤུས་རྟགས་23ཡོད་པ་དང་ལས་གཉེར་ཁང་552ཡོད་པ། མྱུར་སྐྱེལ་གཤམ་སྐྱོད་འདུ་འགོད་ལ་རིམ་པས་སྐུལ་འདེད་བཏང་སྟེ་རྫོང་དང་ཤང་གི་མྱུར་སྐྱེལ་ལས་གཉེར་ཁང་གི་གྲངས་འབོར་མངོན་གསལ་དོད་པོས་མང་དུ་སོང་ཡོད་པ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001387058261