བོད་ལྗོངས།
༼དཔྱིད་གསར་ལ་གཞི་རིམ་དུ་སྐྱོད་པ༽ 2020ལོའི་དྲ་བརྒྱའི་སྨྱན་སྦྱོར་དཔྱིད་གསར་ལ་གཞི་རིམ་དུ་སྐྱོད་པའི་བྱེད་སྒོ་གཞིས་རྩེར་སྤེལ་འགོ་ཚུགས་པ།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་གནས་ཚུལ་འབྱོར་གསལ། ཚེས་13ཉིན་བོད་རང་སྐྱོང་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་ལས་ཁང་གིས་གཙོ་གཉེར་བྱས་པ་དང་། ལྗོངས་སྙན་ཚིག་མཉམ་འབྲེལ་རིག་གཞུང་ལྷན་ཚོགས་ཀྱིས་གཉེར་རོགས་བྱས་པ། གཞིས་རྩེ་གྲོང་ཨུད་དྲ་འཕྲིན་གཞུང་ལས་ཁང་གིས་གཉེར་འགན་འཁུར་བའི“བདེ་སྐྱིད་ལྡན་པའི་བོད་ལྗོངས། དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ས་དང་པོར་སྐྱོད་པ”ཞེས་པའི་2020ལོའི་དྲ་རྒྱའི་སྨྱན་སྦྱོར་དཔྱིད་གསར་ལ་གཞི་རིམ་དུ་སྐྱོད་པའི་བྱེད་སྒོ་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དུ་སྤེལ་འགོ་ཚུགས་ཡོད།

    བྱེད་སྒོའི་འགོ་འཛུགས་མཛད་སྒོའི་ཚོགས་ར་དངོས། (ཟླ་1ཚེས་13ཉིན་པར་བླངས) ཤིན་ཧྭ་དྲ་བའི་ཟླ་སྒྲོན་གྱིས་པར་བླངས།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་ནི་གཞིས་རྩེ་གྲོང་ཁྱེར་གྱིས་ཉེ་བའི་ལོ་ཤས་རིང་སྤེལ་བའི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་དམིགས་ནས་ཉེ་དུས་དབུལ་པོའི་རྫོང་གི་ཞྭ་མོ་ཕུད་པའི་གཞིས་རྩེ་གྲོང་ཁྱེར་གྱི་བཞད་མཐོང་སྨོན་རྫོང་དང་རྒྱལ་རྩེ་རྫོང་སོགས་རྫོང་6གི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་གཙོ་གནད་དུ་བཟུང་ནས་གཅིག་སྡུད་ཐོག་གཏོང་སྤེལ་བྱ་རྒྱུ་ཡིན་པ་རེད།

    བྱེད་སྒོའི་རིང་སྙན་ཚིག་མཉམ་འབྲེལ་རིག་གཞུང་ལྷན་ཚོགས་ཀྱི་ཡིག་གཟུགས་མཁས་ཅན་ཚོས་དུས་གཅིག་ཏུ་རིག་གནས་གཤམ་སྤེལ་གྱི་བྱེད་སྒོ་སྤེལ་རྒྱུ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001387101161