བོད་ལྗོངས།
བོད་རང་སྐྱོང་ལྗོངས་ཀྱི་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་ཁག་བརྒྱད་པའི་གྲོང་སྡོད་ལས་དོན་གྱི་ཕྱོགས་སྡོམ་གཟེངས་བསྟོད་དང་ཁག་དགུ་པའི་གྲོང་སྡོད་ལས་དོན་གྱི་སྐུལ་སློང་ཚོགས་ཆེན་འཚོགས་པ།

    འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་སོགས་ཀྱིས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་གྱི་འཐུས་མིར་གཟེངས་བསྟོད་ལག་ཁྱེར་གནང་བཞིན་པ།

    ཚེས་15ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཀྱི་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་ཁག་བརྒྱད་པའི་གྲོང་སྡོད་ལས་དོན་གྱི་ཕྱོགས་སྡོམ་གཟེངས་བསྟོད་དང་ཁག་དགུ་པའི་གྲོང་སྡོད་ལས་དོན་གྱི་སྐུལ་སློང་ཚོགས་ཆེན་ལྷ་སར་འཚོགས་པ་རེད། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ། ལྗོངས་ཏང་ཨུད་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ་བཅས་ཀྱི་ཐོག རང་སྐྱོང་ལྗོངས་ཀྱི་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་ཁག་བརྒྱད་པའི་གྲོང་སྡོད་ལས་དོན་ཕྱོགས་སྡོམ་ནན་ཏན་བྱེད་པ་དང་། སྔོན་ཐོན་མཉམ་སྡེབ་དང་མི་སྒེར་ལ་གཟེངས་བསྟོད་བྱེད་པ། རྒྱ་ཆེའི་ལས་བྱེད་པ་ཚོར་སྤྲོ་སེམས་དེ་བས་ཆེན་པོས་གྲོང་སྡོད་ལས་དོན་ནང་ཞུགས་རྒྱུའི་སྐུལ་སློང་དང་ལྕག་སྐུལ་བྱེད་པ་བཅས་བྱས་ནས་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཆེད་འགན་སྲུང་སྲ་བརྟན་མཁོ་འདོན་བྱེད་དགོས་ཞེས་བསྟན་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་བཅས་ཚོགས་འདུར་ཕེབས་པ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་གྱིས་གསུང་བཤད་གནང་བ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་སྦྲགས་གཟེངས་བསྟོད་བྱ་རྒྱུའི་གཏན་འབེབས་སྒྲོག་སྦྱངས་ཀྱང་གནང་བ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ནོར་བུ་དོན་གྲུབ་དང་། བསྟན་ཁོ། སྤེན་པ་བཀྲ་ཤིས། ཧོ་ཝུན་ཧའོ། པད་མ་དབང་འདུས། ལིའུ་ཅང་བཅས་ཕེབས་པ་རེད།

    ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་པའི་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་གྱི་འཐུས་མིར་གཟེངས་བསྟོད་ལག་ཁྱེར་གནང་བ་རེད།

    ཚོགས་འདུའི་ཐོག 2019ལོ་ཚུན་དུ་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཚད་མཐོའི་མཐོང་ཆེན་དང་། སྒྲིག་འཛུགས་ཞིབ་ཚགས། སྐུལ་སློང་རྒྱ་ཁྱབ། བྱ་སྤྱོད་མྱུར་སྤེལ། འགན་སྲུང་ནུས་ལྡན། སྐུལ་འདེད་ཤུཌ་ཆེན་བཅས་བྱས་ནས་གྲོང་སྡོད་ལས་དོན་ཏན་ཏིག་ནུས་ལྡན་ངང་སྤེལ་ཐུབ་པའི་འགན་ལེན་བྱས་ཡོད། རྒྱ་ཆེའི་གྲོང་སྡོད་ལས་བྱེད་པ་ཚོས་ཁྱིམ་ཆུང་དོར་ནས་ཁྱིམ་ཆེན་སྐྱོང་བ་དང་། འཐབ་ས་དང་པོར་འབད་འཐབ་ཀྱིས་གཞི་རིམ་དུ་གཞི་ཚུགས་པ། རང་འགན་གཙང་སྒྲུབ་ཀྱིས་ལས་དོན་ཧུར་ཐག་སྒྲུབ་པ་བཅས་བྱ་སྤྱོད་དངོས་ཀྱི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་ཞུ་ལུཌ་མཚོན་པར་བྱས་པ་དང་། འགན་འཁྲི་ཁུར་ཕོད་པའི་ཐོག་ནས་ལྗོངས་ཏང་ཨུད་དང་སྲིད་གཞུང་ལ་བཞག་པའི་བརྗིད་ཆེའི་དམ་བཅའ་དོན་ཐོག་ཏུ་འཁྱོལ་བར་བྱས་པ། ལང་ཚོ་དང་རྔུལ་ཆུར་བརྟེན་ནས་མི་རིགས་ཁག་གི་མང་ཚོགས་ལ་བཅངས་པའི་བརྩེ་བ་ཟབ་མོ་མཚོན་པར་བྱས་པ་མ་ཟད། ཁག་བརྒྱད་པའི་གྲོང་སྡོད་ལས་འགན་ཁག་ཀྱང་ཕུན་སུམ་ཚོགས་པོའི་ངང་ལེཌ་པར་བསྒྲུབས་ཡོད་ཅེས་བསྟན་པ་རེད།

    ཚོགས་འདུའི་ཐོག ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ལ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ་བཅས་ཀྱི་ཆབ་སྲིད་ཀྱི་མཐོ་ཚད་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་གི་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་གཉིས་གསལ་པོ་ཤེས་པར་བྱས་ནས་དེ་གཉིས་པོ་ང་ཚོའི་ལས་དོན་འཆར་འགོད་ཀྱི་གཞི་རྩའི་འགོ་འཛུགས་སར་བརྩི་བ་དང་། སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་གཉིས་རྒྱལ་ཁབ་ཀྱི་འཐབ་ཇུས་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་བཞག་ནས་བསམ་གཞིག་དང་ངོས་འཛིན་བྱེད་པ་དང་། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་གནས་བབ་ཐོག་བཞག་ནས་དོན་འཁྱོལ་བྱེད་པ། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ། ལམ་ལུགས་ཀྱི་ལེགས་ཆ་སྔར་བས་འདོན་སྤེལ་བྱེད་པ། རྩ་དོན་དང་ཁ་ཕྱོགས་སྔར་བས་སྟངས་འཛིན་ཡག་པོ་བྱེད་པ། ལས་དོན་བཀོད་སྒྲིག་སྔར་བས་ལེགས་སུ་གཏོང་བ། སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ནས་ལས་བྱེད་པའི་གྲོང་སྡོད་ལས་དོན་གྱིས་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་འཚོ་བཅུད་གསར་པ་སྣོན་པ་དང་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་ནན་བཤད་བྱས་པ་རེད།

    ཚོགས་འདུའི་ཐོག ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ། གྲོང་སྡོད་ལས་དོན་རུ་ཁག་བཅས་ཀྱིས་གཅིག་ནས་འགན་འཁྲི་གཙོ་བོ་དང་ལས་འགན་གཙོ་བོར་དམིགས་དགོས་ཤིང་། རང་འགན་གཙང་སྒྲུབ་ནན་ཏན་བྱས་ཏེ་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་ཟབ་ཏུ་གཏོང་རྒྱུ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ། གཞི་རིམ་གྱི་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་སོགས་ཀྱི་ལས་དོན་དང་ལས་འགན་གཙོ་བོ་ཁག་ཕུན་སུམ་ཚོགས་པོས་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་པ་དང་། གཉིས་ནས་འགན་འཁྲི་ཁུར་ཤུགས་ཆེ་རུ་གཏོང་དགོས་ཤིང་། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་འགོ་ཁྲིད་ཀྱི་འགན་འཁྲི་ཏན་ཏིག་ཁུར་ཏེ། མཐོང་ཆེན་བྱེད་ཤུགས་དང་། མི་སྣའི་སྟོབས་ཤུགས། གཏོང་ཆ་གཏོང་ཤུགས། ཕན་འབྲས་ཐོན་ཤུགས་བཅས་ཆུང་དུ་མི་འགྲོ་བའི་འགན་ལེན་བྱེད་དགོས་པ་དང་། རིམ་ཁག་རྨང་བརྟན་དམངས་ཕན་འགོ་ཁྲིད་ཚོགས་ཆུང་དང་གཞུང་ལས་ཁང་གིས་ཐད་ཀའི་འགན་འཁྲི་ཏན་ཏིག་ཁུར་ཏེ། སྒྲིག་འཛུགས་མཛུབ་ཁྲིད་དང་། སྤྱི་འདོམས་མཐུན་སྦྱོར། རྒྱུན་གཏན་གྱི་དོ་དམ་བཅས་ལ་ཤུགས་སྣོན་རྒྱག་དགོས་པ། མངགས་གཏོང་ཚན་པ་ཁག་གིས་ཕྱོགས་ཡོངས་ནས་བྱེད་པོའི་འགན་འཁྲི་དོན་འཁྱོལ་དང་ནུས་པ་འདོན་སྤེལ་བྱེད་དགོས་པ། གྲོང་སྡོད་ལས་དོན་རུ་ཁག་གིས་འགན་འཁྲི་ཞིབ་ཕྲ་ཁུར་ཏེ། “ཁྲིད་སྟོན་བྱེད་པ་ལས་འགོ་ཁྲིད་མི་བྱེད་པ་དང་། སྒྲུབ་རོགས་བྱེད་པ་ལས་འགན་གཙང་མི་ལེན་པ། དམིགས་སར་འབྱོར་བ་ལས་གནས་ཚད་ལས་མི་བརྒལ་བ”བཅས་ཏན་ཏིག་ཐུབ་པ་བྱེད་དགོས་པ། གསུམ་ནས་ལས་ཀའི་སྒྲིག་ཁྲིམས་ནན་དུ་གཏོང་དགོས་ཤིང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་སྲོལ་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས། མང་ཚོགས་ཀྱི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་ནན་པོར་སྲུང་དགོས་པ། བཞི་ནས་ཞིབ་དཔྱད་གནད་ལ་འཁེལ་པོ་དང་ཞིབ་ཚགས་པོ་བྱས་ཏེ། ཞིབ་དཔྱད་ཀྱི་བརྒྱུད་རིམ་ཧྲིལ་པོ་ཡོངས་བསྒྲགས་ཁ་གསལ་དང་དྲང་པོ་དྲང་བཞག་ཡོང་བ་བྱེད་དགོས་པ། དུས་མཚུངས་སུ་མངགས་གཏོང་ཚན་པ་ཁག་གིས་གྲོང་སྡོད་ལས་དོན་རུ་མིར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། གྲོང་སྡོད་ལས་དོན་བདེ་བླག་ངང་སྤེལ་རྒྱུར་ཆ་རྐྱེན་ཡག་པོ་གཏོད་དགོས་པ་དང་འགན་ལེན་བརྟན་པོ་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    གཟེངས་བསྟོད་ཐོབ་མཁན་སྔོན་ཐོན་མཉམ་སྡེབ་དང་། མི་སྒེར། ཁག་དགུ་པའི་གྲོང་སྡོད་ལས་དོན་རུ་ཁག་གི་འཐུས་མི་བཅས་ཀྱིས་ཚོགས་ཆེན་ཐོག་སྤེལ་རེས་དང་གཏམ་བཤད་བྱས་པ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001387124141