བོད་ལྗོངས།
བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་གྲོང་གསེབ་ལས་དོན་གྱི་ཚོགས་འདུ་འཚོགས་པ།

    ཚེས་17ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་གྲོང་གསེབ་ལས་དོན་གྱི་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་2019ལོའི“ཞིང་གསུམ”ལས་དོན་ལ་ཁྱོན་ཡོངས་ནས་ཕྱོགས་སྡོམ་བྱས་པ་དང་། མིག་སྔའི་དུས་བབ་དང་འགྲན་སློང་ལ་དབྱེ་ཞིབ་བྱས་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མཐོ་རུ་གཏོང་རྒྱུར་དམིགས་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་ཡོང་བ་བྱེད་པའི“ཞིང་གསུམ”ཞན་ཆ་གསབ་པ། 2020ལོའི་ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་གྱི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བཅས་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྗོངས་ཡོངས་ཀྱིས་ཇི་ལྟར་བྱས་ནས“ཞིང་གསུམ”ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་ཆེད་མངགས་མཆན་འགོད་མཛུབ་སྟོན་གནང་བ་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་གྱིས་གསུང་བཤད་གནང་བ་རེད།

    ཝུའུ་དབྱིང་ཅེའི་མཆན་འགོད་མཛུབ་སྟོན་ནང་འདས་ཟིན་པའི་ལོ་གཅིག་ནང་གི“ཞིང་གསུམ”ལས་དོན་ལ་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ནས། ལོ་གསར་པའི་ནང་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ནས“ཞིང་གསུམ”ལས་དོན་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་དམིགས་ཚད་མངོན་འགྱུར་ཡོང་བའི་ཐད་དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་དང་དམངས་འཚོའི་སྟོན་ཕྱོགས་ཀྱི་ཚད་གཞི་དང་ཡང་ཡང་བསྡུར་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱས་ནས“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱ་རྒྱུ་དེ་སྤྱིའི་དམ་འཛིན་བྱ་གཞིར་བྱས་ནས“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་པ་དང་། ཐོན་ཁུངས་གཅིག་སྡུད་དང་། འགན་ལེན་ཤུགས་ཆེ། གནད་སྨིན་ཇུས་བསྟར་བཅས་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་མཐོ་རུ་གཏོང་བ། “ཞིང་གསུམ”ཁྱབ་ཁོངས་ཀྱི་ཞན་ཆ་གང་མགྱོགས་གསབ་པ་བཅས་བྱེད་དགོས། འབབ་འཕར་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་བྱེད་མགྱོགས་སུ་གཏོང་བ་དང་འདེབས་འཛུགས་དང་གསོ་ཚགས་ལས་རིགས་ཀྱི་གཞི་རྩའི་ཁེ་ཕན་འགན་ལེན་བྱེད་དགོས། ཞིང་འབྲོག་ཁུལ་གྱི་གློག་དང་ཆུ་མཁོ་འདོན་དང་། འགྲོ་ལམ། ཆ་འཕྲིན། གྲང་འབྲེལ་ཟོག་འདྲེན་སོཌ་སྒྲིག་ཆས་འཐུས་སྒོ་ཚང་དུ་བཏང་ནས་ཚད་གཞི་མཐོ་བའི་ཞིང་ནང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཞིང་འབྲོག་ཁུལ་གྱི་ཚན་རྩལ་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ། ཞིང་ཕྱུཌ་ཐོན་རྫས་སྡེབ་ཚོང་ཁྲོམ་རའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཞིང་འབྲོག་ལས་ཀྱི་ཁ་གསབ་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་འཕེལ་རྒྱས་ཀྱི་ལམ་སྲོལ་བཟང་པོ་ཞིག་ཆཌ་པ་བྱེད་དགོས། ཞིང་འབྲོག་ཁུལ་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ནས་སློབ་གསོ་དང་། སྨན་བཅོས། སྤྱི་ཚོཌ་འགན་བཅོལ། རིག་གནས་སོཌ་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇཌ་ཚོར་སེམས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། གཞི་རིམ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་ཞིང་འབྲོག་ཁུལ་གྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ཡག་པོ་བྱེད་དགོས། ལྟོ་གོས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་ལ་བསམ་བློའི་ངོས་འཛིན་ཡང་མཐོ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་མང་ཚོགས་ལ་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་སློབ་གསོ་ཁྲིད་སྟོན་བྱེད་དགོས། ཞིང་འབྲོག་ཁུལ་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བ་དང་། མཐུན་སྒྲིལ་བྱེད་མཁས་པ་དང་འཕེལ་རྒྱས་གཏོང་ཤེས་པ། ཕྱུག་པོ་ཆགས་ཐུབ་པ་དང་བརྟན་ལྷིང་འགན་ལེན་བྱེད་པ། གནད་དོན་འཕྲད་སྐབས་མགོ་མི་རྨོངས་པ་དང་འགག་རྩའི་དུས་སུ་ནུས་པ་ཐོན་ཐུབ་པ་བཅས་ཀྱི་དམག་འཐབ་མཁར་རྫོང་བརྟན་པོ་ཞིག་བསྐྲུན་དགོས་ཞེས་བསྟན་པ་རེད།

    ཚོགས་འདུའི་ཐོག་2019ལོའི་ལོ་འཁོར་གྱི་ཞིང་འབྲོག་པའི་འབབ་འཕར་དང་། ནས་ཀྱི་ཐོན་ལས། ཤ་དང་འོ་མའི་ཐོན་ལས་བཅས་ཀྱི་སྔོན་ཐོན་ས་ཁུལ(གྲོང་ཁྱེར)ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་གཏན་འབེབས་སྒྲོག་སྦྱངས་བྱས་པ་རེད། ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་པའི་འགོ་ཁྲིད་བློ་མཐུན་གྱིས་སྔོན་ཐོན་མཉམ་སྡེབ་ཀྱི་འཐུས་མིར་གཟེངས་བསྟོད་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་2019ལོར་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་འཁྲིད་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི“ཞིང་གསུམ”ཁྱབ་ཁོངས་ཀྱི་ལྡོག་མེད་ལས་འགན་ཁག་ལེགས་སྒྲུབ་ཧུར་ཐག་བྱས་པས་དབུལ་སྒྲོལ་འགག་སྒྲོལ་ལ་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་དང་། ཞིང་འབྲོག་པའི་ཡོང་འབབ་རྒྱུན་མཐུད་དང་མགྱོགས་མྱུར་འཕར་བ། ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་མུ་མཐུད་འཕེལ་རྒྱས་བརྟན་པོ་རྒྱུན་འཁྱོངས་བྱུང་ཡོད་པ་རེད། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་སྲ་བརྟན་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི“ཞིང་གསུམ”ལས་དོན་གྱི་ཞན་ཆ་གསབ་པ། ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་རྒྱུ་དེ་ལྟེ་བའི་དམིགས་ཚད་དུ་བརྩིས་པ་བཅས་བྱས་ཏེ་འཕར་ཚད་13%ཟིན་པའི་འགན་ལེན་བྱེད་པ་དང་། ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ཞིང་འབྲོག་ལས་ལ་ཐོན་འབབ་བརྟན་པོ་དང་མཁོ་སྤྲོད་འགན་ལེན་ཐུབ་པ་བྱས་ཏེ་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། བཅོས་སྐྱོང་གི་ཕན་ནུས་ཆེ་རུ་བཏང་ནས་ཞིང་འབྲོག་ཁུལ་གྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་མཐའ་འཁྱོངས་བྱེད་པ། མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཕུན་སུམ་ཚོགས་པོའི་ངང་མཇུག་བསྡུ་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་གྲུབ་འབྲས་ཕྱོགས་སྡོམ་དང་དུས་བབ་དབྱེ་ཞིབ་བྱས་ཏེ་མིག་སྔའི“ཞིང་གསུམ”ལས་དོན་ལ་འཕྲད་པའི་འགྲན་སློང་ཕྱོགས་ཡོངས་ནས་སྟངས་འཛིན་བྱེད་དགོས། བསམ་བློ་གཅིག་གྱུར་དང་ཚུགས་གནས་མཐོ་རུ་བཏང་སྟེ་འདི་ལོའི“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་པའི་དམིགས་བསལ་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་དགོས། ཚད་གཞི་དང་ཡང་ཡང་བསྡུར་བ་དང་དོན་འཁྱོལ་ལ་སྤྱི་འདོམས་བྱས་ཏེ་ཐོན་ལས་དབུལ་སྒྲོལ་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་ནས་སྔ་ཙམ་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ནུས་ལྡན་བྱས་ཏེ་ནས་ཀྱི་བདེ་འཇགས་དང་ཞིང་ལས་ཐོན་རྫས་གལ་ཆེན་མཁོ་སྤྲོད་ནུས་ལྡན་བྱེད་པ་དང་། ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། གྲོང་གསེབ་ཀྱི་སྤྱི་པའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། གྲོང་གསེབ་ཀྱི་སྣོད་བཅུད་ཁོར་ཡུག་བཅོས་སྒྲིག་གི་འདུ་འགོད་ལག་བསྟར་བྱེད་པ་བཅས་བྱས་ཏེ་བྱེད་ཐབས་སྣ་མང་མཉམ་སྤྱོད་ཀྱིས་ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་རིམ་ཁག་འབྲེལ་ཡོད་ཞིང་ལས་སྡེ་ཚན་ལ་དགུན་དཔྱིད་གཉིས་ཀྱི་ཐོན་སྐྱེད་དང་རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ནན་པོ་བྱེད་པ་དང་། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་ལས་དོན་ཡག་པོ་སྒྲུབ་པ། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་དོ་ཁུར་བྱས་ཏེ་དུས་ཆེན་རིང་གི་ཁྲོམ་རའི་མཁོ་སྤྲོད་འགན་ལེན་བྱེད་པ། ཞིང་འབྲོག་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་འབྲོག་ཁུལ་གྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001387207341