བོད་ལྗོངས།
བོད་ཀྱི་ཞིང་འབྲོག་པ་ཁྲི་57.1ལས་ཞུགས་གཞན་སྒྱུར་ཐུབ་པ།

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་1ཚེས་14ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2019ལོར། བོད་ཀྱི་ཞིང་འབྲོག་པ་ཁྲི་57.1ལས་ཞུགས་གཞན་སྒྱུར་ཐུབ་ནས་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་34.8བྱུང་སྟེ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།

    2019ལོར། བོད་ཀྱིས་ལས་ཞུགས་དང་ཐོན་ལས་ཟུང་འབྲེལ་བྱེད་རྒྱུ་ཁ་གསལ་བཟོས་པ་དང་། རྒྱལ་ཁབ་ཀྱི་མ་འཇོག་འདུ་འགོད་རྣམ་གྲངས་ནང་ས་གནས་དེ་གའི་ཞིང་འབྲོག་ལས་མི་སྤྱོད་ཚད་བསྡོམས་འབོར་30%ཡན་ཟིན་པ། ལྗོངས་ཡོངས་ཀྱི་རིགས་ཁག་གི་ཐོན་ལས་རྣམ་གྲངས་ཁྲོད་ས་གནས་དེ་གའི་ཞིང་འབྲོག་པ་སྤྱོད་པའི་མི་གྲངས་ཆ་སྙོམས་བྱས་ན་2018ལོའི་ལྡབ་5ཟིན་ཡོད་པ་རེད།

    བོད་ཀྱིས་ད་དུང“མངགས་ཐོ་དམིགས་འཛུཌ་རྣམ་པའི”རྩལ་ནུས་གསོ་སྦྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་དང་། ཁྲོམ་རའི་དགོས་མཁོ་དང་མང་ཚོགས་ཀྱི་གསོ་སྦྱོང་འདོད་བློ་དང་ཟུང་འབྲེལ་བྱས་ནས་སྲིད་གཞུང་སྡེ་ཚན་གྱིས་སྣེ་ཁྲིད་པ་དང་། ཁེ་ལས་ཀྱིས་ལས་གནས་ཀྱི“མངགས་ཐོ”མཁོ་འདོན་བྱེད་པ། གསོ་སྦྱོང་སྒྲིག་གཞིས་གསོ་སྦྱོང་གི“ནང་དོན”གཏན་འབེབས་བྱེད་པ། མང་ཚོགས་དབུལ་པོ་གསོ་སྦྱོང་བྱས་རྗེས“དམིགས་འཛུགས”ལས་ཞུགས་བྱེད་པའི་གསོ་སྦྱོང་བྱེད་སྟངས་གསར་པ་བཏོད་ཡོད། 2019ལོར་ལྗོངས་ཡོངས་ཀྱིས“མངགས་ཐོ་དམིགས་འཛུགས་རྣམ་པའི”རྩལ་ནུས་གསོ་སྦྱོང་གིས་གསོ་སྦྱོང་སྤྱིའི་མི་འབོར་གྱི་40%ཡན་བཟུང་བ་དང“མངགས་ཐོ་དམིགས་འཛུགས་རྣམ་པའི”གསོ་སྦྱོང་ནང་ཞུགས་པའི་ཞིང་འབྲོག་པ་ལས་ཞུགས་ཐུབ་ཚད་100%ཟིན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2020ལོར། བོད་ཀྱིས་ཞིང་འབྲོག་པ“དངོས་ཚན་ཅན”དང“རྩ་འཛུགས་ཅན”གྱི་ལས་ཞུགས་གཞན་སྒྱུར་ལ་གཙོ་གནད་ཐོག་སྐུལ་འདེད་བཏང་བས་ཞིང་འབྲོག་པ་མི་ཁྲི་60ལས་ཞུགས་གཞན་སྒྱུར་ཐུབ་རྒྱུ་དང་། ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་42མངོན་འགྱུར་ཡོང་རྒྱུ། ཞིང་འབྲོག་པའི་ངལ་ནུས་རང་བཞིན་གྱི་ཡོང་འབབ་དང་མི་རེའི་ཆ་སྙོམས་ཡོང་འབབ་2019ལོ་ལས་20%ཡན་འཕར་རྒྱུའི་བརྩོན་ལེན་བྱེད་རྒྱུ་ཡིན་པ་རེད། དེ་དང་དུས་མཚུངས། ད་དུང“རིམ་པ་བཞིའི་ངལ་ནུས་ཕྱིར་གཏོང་རྩ་འཛུགས”གང་མགྱོགས་བཙུགས་ཏེ་ལོ་མཇུག་ཏུ་ངལ་ནུས་ཕྱིར་གཏོང་རྩ་འཛུགས་ཁྱོན་ཡོངས་ལ་ཁྱབ་རྒྱུའི་བརྩོན་ལེན་གྱིས། ལོ་ཧྲིལ་པོར་རྩ་འཛུགས་ལྡན་པའི་ངལ་ནུས་ཕྱིར་གཏོང་བསྡོམས་འབོར་གྱིས་ལས་ཞུགས་གཞན་སྒྱུར་གྱི་སྤྱིའི་མི་འབོར་གྱི་བསྡུར་ཚད་50%ལས་བརྒལ་རྒྱུའི་བརྩོན་ལེན་བྱེད་རྒྱུ་ཡིན་པ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001387258451