བོད་ལྗོངས།
འདི་ལོ་བོད་ལྗོངས་ཀྱི“ཁུལ་གསུམ་ཀྲོའུ་གསུམ”གྱི་ཆན་ཕུའུ་35ཡི་གློག་སྐྱེལ་གློག་སྒྱུར་ལས་གྲྭའི་རྣམ་གྲངས་ཐོག་མ་སྤྱོད་འགོ་ཚུགས་པ།

    ཉིན་ཤས་གོང་། ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་གི“ཁུལ་གསུམ་ཀྲོའུ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གློག་དྲ་འཛུགས་སྐྲུན་རྣམ་གྲངས་རོང་ཐང་གི་ཆན་ཕུའུ་35ཡི་གློག་སྐྱེལ་གློག་སྒྱུར་ལས་གྲྭ་བདེ་བླག་ངང་སྤྱོད་འགོ་ཚུགས་ནས་2020ལོའི་བོད་རང་སྐྱོང་ལྗོངས་ཀྱིས་འཁྲིད་པའི“ཁུལ་གསུམ་ཀྲོའུ་གསུམ”གྱི་ཆན་ཕུའུ་35ཡི་གློག་སྐྱེལ་གློག་སྒྱུར་ལས་གྲྭའི་རྣམ་གྲངས་ཐོག་མ་དེར་གྱུར་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྟེང་ཆེན་རྫོང་གི“ཁུལ་གསུམ་ཀྲོའུ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གློག་དྲ་འཛུགས་སྐྲུན་རྣམ་གྲངས་རོང་ཐང་གི་ཆན་ཕུའུ་35ཡི་གློག་སྐྱེལ་གློག་སྒྱུར་ལས་གྲྭ་དེ་2019ལོའི་ཟླ་5ཚེས་20ཉིན་འཛུགས་སྐྲུན་བྱེད་འགོ་ཚུགས་པ་དང་ལས་གྲྭ་ཡོངས་ལ་མ་དངུལ་སྒོར་ཁྲི་1981བཏང་ཡོད།

    ལས་གྲྭ་དེ་བསྐྲུན་ནས་སྤྱད་རྗེས། སྟེང་ཆེན་རྫོང་གི་གློག་དྲའི་དྲ་སྒྲོམ་གྱི་གྲུབ་ཆ་ལེགས་སུ་ཕྱིན་ཏེ་རྫོང་དེའི་གྲོང་ཚོ་22ཀྱི་མི་8500ལྷག་ཙམ་ལ་ཆུ་ཤུགས་གློག་ཁང་གི་གློག་གཏོང་གློག་སྤྱོད་ཀྱི་སྤུས་ཚད་མི་འདང་བ་དང་བདེ་འཇགས་མེད་པ་ལས་གློག་ཡང་སེ་ཆད་པའི་དཀའ་གནད་ཐག་གཅོད་ཐུབ་ནས་མི་སེར་ལ་བདེ་འཇགས་དང་བློས་འགེལ་ཆོག་པའི“རྒྱལ་ཁབ་གློག་དྲ”མཁོ་འདོན་བྱ་རྒྱུ་དང་ཆབས་ཅིག་སྟེང་ཆེན་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དབུལ་སྒྲོལ་འགག་སྒྲོལ་ལ་ནུས་རྒྱུའི་གསོན་ཤུགས་ཆེན་པོ་ཡང་སྦྱིན་རྒྱུ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001387572591