བོད་ལྗོངས།
དཔྱིད་དུས་ཀྱི་རེ་སྨོན་འདེབས་པ།——བོད་ལྗོངས་ཟངས་རི་རྫོང་གི་སྡོང་ཕྲུག་ར་བའི་མཐོང་ཐོས།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་གནས་ཚུལ་འབྱོར་གསལ། ཚེས་11ཉིན་ཞོགས་པའི་ཉི་གཞོན་ཡར་ལྷ་ཤམ་པོར་འཕྲོས་སྐབས་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་རོང་ཤང་འཕྲིན་པ་གྲོང་ཚོའི་གྲོང་མི་བཀྲ་བཟང་དང་ཡུལ་མི་ཚོ་སྒོ་འགྲམ་གྱི་སྡོང་ཕྲུག་ར་བའི་རྟེན་གཞིར་སླེབས་པ་དང་། ཁོང་ཚོས་དེར་ས་དོང་འདྲུ་བ་དང་ས་ཁོད་སྙོམས་པ། འགྱིག་ཤོག་འདིང་བ། སྡོང་ཕྲུག་འཛུགས་པ་བཅས་བྱས་ནས་ལོ་ཧྲིལ་པོའི་ཁྲོད་ཀྱི་ལས་བྲེལ་དང་པོ་དེ་འགོ་བཙུགས་ཡོད། ལག་རྩལ་བློ་འདྲི་བ་དབང་འདུས་རྡོ་རྗེས་འདི་ལོའི་ལོ་མཇུག་སྐབས་ས་འདིར་སྡོང་ཕྲུག་ཁྲི་100འདེབས་གསོ་བྱེད་པའི་ལས་འགན་ལེགས་སྒྲུབ་བྱ་རྒྱུ་རེད་ཅེས་གསར་འགོད་པར་བརྗོད།

    ཆུ་ཚོད་10པའི་ཐོག་གྲོང་མི་ཚོས་ས་ཞིང་ཁོད་སྙོམས་བཟོ་འགོ་ཚུགས། “སྡོང་ཕྲུག་དང་སྡོང་ཕྲུག་བར་ལ་ལི་སྨི་20ཞོག གཏིང་ཚད་ལ་ལི་སྨི་10དགོས་པ་དང་ས་ངོས་ནས་བུད་པའི་ཚད་ལ་ལི་སྨི་10ཞོག སྡོང་ཕྲུག་བཙུགས་རྗེས་ལག་པས་ས་ནན་པོར་གནོན་དགོས”ཞེས་དབང་འདུས་རྡོ་རྗེས་ཕྱོགས་གཅིག་ནས་སྡོང་ཕྲུག་འཛུགས་སྟངས་འགྲེལ་བཤད་རྒྱག་པ་དང་། ཕྱོགས་གཞན་ཞིག་ནས་ཞིང་ཁའི་ཐོག་ལག་ལེན་དངོས་ཀྱི་བཟོ་ལྟ་སྟོན་བཞིན་འདུག མང་ཚོགས་45ཡིས་ལག་རྩལ་མཛུབ་ཁྲིད་དང་ལེན་བྱས་རྗེས་རང་རང་སོ་སོའི་ལས་ལ་བྲེལ་འགོ་ཚུགས།

(图文互动)(1)种下春天的希望——西藏桑日县苗圃果园基地见闻

    ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་རོང་ཤང་འཕྲིན་པ་གྲོང་ཚོའི་གྲོང་མིས་སྡོང་ཕྲུག་ར་བའི་ནང་སྡོང་ཕྲུག་ཆུར་སྦོང་བ། (ཟླ་3ཚེས་11ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།

    ཟངས་རི་རྫོང་ཉི་གཞོན་མུའུ་སྟོང་སྡོང་ཕྲུག་ར་བའི་རྟེན་གཞི་ནི་ཡར་ཀླུང་གཙང་པོའི་འགྲམ་རྒྱུད་དུ་གནས་པ་དང་ས་ཁྱོན་མུའུ་1017ཟིན་ཞིང་རྫོང་དེས་གསར་བཟོ་བྱས་པའི་འབྱུང་འཕྲོད་དམངས་ཕྱུག་ཐོན་ལས་གལ་ཆེན་ཞིག་རེད། “ས་འདི་ནི་སྔོན་ཆད་རི་ཐང་ཅིག་ཡིན་པ་དང་ང་ཚོས་མ་དངུལ་སྒོར་ཁྲི་3000ལྷག་ཙམ་བཏང་ནས་སྒྱུར་བཀོད་གསར་སྤེལ་བྱས་པ་དང་། སྔོ་ལྗང་ཅན་གྱི་སྡོང་ཕྲུག་དང་སྣོད་བཅུད་ཤིང་འཛུགས་ཀྱི་སྡོང་ཕྲུག དཔལ་འབྱོར་ནགས་ཚལ་གྱི་ཤིང་འབྲས་སྡོང་ཕྲུག་སོགས་སྣ་ཁ་48ཀྱི་སྡོང་རྐང་ཁྲི་88བཏབ་ཡོད”ཅེས་རྟེན་གཞིའི་འགན་འཁུར་བ་པ་སངས་ཟླ་བས་བརྗོད་པ་དང་། ཁོང་གིས་2018ལོ་ནས་བཟུང་རྟེན་གཞིས་ཞིང་པར་གླ་ཕོགས་སྒོར་ཁྲི་600ལྷག་ཙམ་སྤྲད་པ་དང་དུད་ཚང་17གྱི་མི་64བརྟན་པོའི་ངང་དབུལ་སྒྲོལ་ཐུབ་པར་སྐུལ་ཁྲིད་བྱས་ཡོད་ཅེས་ངོ་སྤྲོད་བྱས།

    བཀྲ་བཟང་གི་ཁྱིམ་ནི་གྲོང་ཚོའི་ནང་གི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཞིག་ཡིན་པ་དང་ཧ་ལམ་ཉིན་ལྟར་རྟེན་གཞིར་ལས་ཀ་བྱེད་པར་ཡོང་གི་ཡོད། བཀྲ་བཟང་གིས་རང་ཁྱིམ་གྱིས་ནས་དང་གྲོ་མུའུ་8འདེབས་པ་དང་ད་དུང་ནོར་9དང་ར་20ལྷག་ཙམ་གསོས་ཡོད་པས་ཞིང་འབྲོག་ཐད་ཀྱི་ཡོང་འབབ་སྒོར་ཁྲི་2ཟིན་པ་དང་། ཞིང་དལ་སྐབས་རྟེན་གཞིར་ཤིང་འཛུགས་རོགས་དང་སྡོང་ཕྲུག་གསོ་རོགས་བྱས་པར་ཉིན་རེར་གླ་ཆ་སྒོར་150ཡོད་པས་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་6ལས་མི་ཉུང་བ་ཡོད་པ་མཛུབ་མོ་སྟོན་ནས་རྩིས་ཤིག་བརྒྱབ།

(图文互动)(2)种下春天的希望——西藏桑日县苗圃果园基地见闻

    ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་རོང་ཤང་འཕྲིན་པ་གྲོང་ཚོར་ལག་རྩལ་བློ་འདྲི་བ་དབང་འདུས་རྡོ་རྗེས་གྲོང་མིར་སྡོང་ཕྲུག་གསོ་བའི་ཤེས་བྱ་འགྲེལ་བཤད་རྒྱག་པ། (ཟླ་3ཚེས་11ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།

    ས་སྐྱེས་རྡོ་སྐྱེས་ཡིན་པའི་འཕྲིན་པ་གྲོང་ཚོའི་པ་སངས་ཟླ་བས་གསོ་སྦྱོང་སློབ་གྲྭ་དང་ཨར་ལས་རུ་ཁག ཇ་ཁང་བཅས་གཉེར་མྱོང་ཡོད་པ་དང་། མཐར་ཁོང་གིས་སེམས་ནུས་དང་ལོ་མང་གསོག་འཇོག་བྱས་པའི་དངུལ་རྩ་འབྱུང་འཕྲོད་ཐོན་ལས་ཐད་བཏོན་ཡོད། ཁོང་གིས“འབྱུང་འཕྲོད་ཐོན་ལས་ཀྱིས་བྱེ་འགོག་བྱེ་བཅོས་དང་སྣོད་བཅུད་སྲུང་སྐྱོང་ཐུབ་པ་མ་ཟད་ད་དུང་ཡུལ་མི་ཚོ་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་ཐུབ་པས་དེ་ནི་འཕེལ་ཕྱོགས་ཤིག་རེད”ཅེས་བརྗོད།

    འཆར་འགོད་ལ་གཞིགས་ན་རྟེན་གཞིས་བཙོངས་པའི་སྣོད་བཅུད་སྡོང་ཕྲུག་ནི་ནགས་བཟོ་བྱེ་བཅོས་ཐད་སྤྱོད་ཀྱི་ཡོད་པ་དང་། ཤིང་འབྲས་སྡོང་ཕྲུག་གིས་མང་ཚོགས་ལ་ཕྱུག་འགྱུར་འབབ་འཕར་ཡོང་བ་བྱེད་པ། སྔོ་ལྗང་ཅན་གྱི་སྡོང་ཕྲུག་དང་ཁམ་བུའི་སྡོང་ཕྲུག་མཉམ་དུ་སྡེབ་ཚེ་རི་བོ་སྔོ་ལྗང་དུ་གྱུར་གྱི་ཡོད། “སྐབས་དེ་དུས་རྟེན་གཞིའི་རི་ཁུག་ནི་མེ་ཏོག་གི་རྒྱ་མཚོ་ལྟ་བུ་ཞིག་ཏུ་འགྱུར་རྒྱུ་རེད”ཅེས་དབང་འདུས་རྡོ་རྗེས་འབྱུང་འགྱུར་ལ་རེ་བས་ཁེངས་བཞིན་བརྗོད།

(图文互动)(3)种下春天的希望——西藏桑日县苗圃果园基地见闻

    ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་རོང་ཤང་འཕྲིན་པ་གྲོང་ཚོའི་གྲོང་མིས་སྡོང་ཕྲུག་ར་བའི་ནང་སྡོང་ཕྲུག་ལ་འགྱིག་ཤོག་གཡོག་པ། (ཟླ་3ཚེས་11ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།

    ཟླ་3པའི་ཟླ་དཀྱིལ་ནས་བཟུང་ལྷོ་ཁའི་ས་ཁུལ་ཁག་ཏུ་གཅིག་རྗེས་གཉིས་མཐུད་ངང་ཤིང་འཛུགས་ནགས་བཟོའི་དུས་ཚིགས་ཟིན་གྱི་ཡོད། འཆར་འགོད་ལ་གཞིགས་ན། འདི་ལོ་ལྷོ་ཁ་གྲོང་ཁྱེར་གྱིས་ཀྲང་ཙི་སུང་དང་སྦྱར་ལྕང་སོགས་སྡོང་རྐང་ཁྲི་98.56འདེབས་འཛུགས་བྱ་རྒྱུ་དང་རྒྱ་ཁྱོན་མུའུ་ཁྲི་4.68ཟིན་རྒྱུ་རེད།

    ཕ་ཡུལ་གྱི་འགྱུར་ལྡོག་སྐོར་གླེང་སྐབས་གྲོང་མི་ཕུར་བུ་ཚེ་རིང་གིས་དགའ་ཚོར་ཆེན་པོས“འབྱུང་འཕྲོད་ཐོན་ལས་མང་དུ་ཕྱིན་པ་དང་རང་བྱུང་ཁོར་ཡུག་ལེགས་སུ་ཕྱིན་པ། ཕྱུག་འགྱུར་གྱི་ཐབས་ལམ་སྔར་བས་རྒྱ་ཆེར་ཕྱིན་ཡོད”ཅེས་བརྗོད།

(图文互动)(4)种下春天的希望——西藏桑日县苗圃果园基地见闻

    འདི་ནི་ཟླ་3ཚེས་11ཉིན་པར་བླངས་པའི་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་གི་ཉི་གཞོན་མུའུ་སྟོང་སྡོང་ཕྲུག་ར་བའི་རྟེན་གཞི་ཡིན། (མི་མེད་གནམ་གྲུས་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།

    “ཡར་ཀླུང་གཙང་པོའི་རྒྱུད་དུ་ནགས་བཟོ་བྱས་པ་དེས་རི་ཐང་དང་བྱེ་སྒང་སྔོ་ལྗང་ཅན་དུ་འགྱུར་བ་མ་ཟད་ད་དུང་མང་ཚོགས་ཀྱང་ཕྱུག་པོ་ཆགས་ཡོད”ཅེས་ལྷོ་ཁ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་སྣོད་བཅུད་སྲུང་སྐྱོང་ཉམས་གསོའི་ཁོའོ་ཡི་འགན་འཁུར་བ་བློ་བཟང་བསོད་ནམས་ཀྱིས་བརྗོད་པ་དང་། ཁོང་གིས་མིག་སྔར་གྲོང་ཁྱེར་ཡོངས་སུ་སྡོང་ཕྲུག་ར་བའི་གྲངས་འབོར་58ཟིན་པ་དང་། ཉམས་མྱོང་ལྡན་པ་དང་ལག་རྩལ་ཤེས་པ། ལག་ལེན་ལ་མཐོང་ཆེན་བྱེད་པ་བཅས་ཀྱི་ཞིང་པའི་བྱེ་བཅོས་དཔུང་ཁག་ཁག་གཅིག་གསོ་སྐྱོང་བྱས་ཡོད་པས“སྔོ་ལྗང་འདེབས་པ་ནི་རྒྱུ་ནོར་གཏོད་པ་རང་ཡིན་པའི”འདུ་ཤེས་མི་སེམས་སུ་ཟུག་ཡོད་ཅེས་བརྗོད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001388743311