བོད་ལྗོངས།
ཁྲེང་ཀོན་ཆུས་ཀྱི་ཁྲོམ་གཞུང་3གྱི་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ལས་གྲྭ་ཚོད་ལྟའི་འཁོར་སྐྱོད་དུས་མཚམསས་སུ་སླེབས་པ།

    ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་དང་། ཉང་བྲན་ཁྲོམ་གཞུང་། ཚལ་གུང་ཐང་ཁྲོམ་གཞུང་བཅས་ཀྱི་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ལས་གྲྭའི་ཞིབ་བཤེར་རྩིས་ལེན་རགས་ཙམ་ཟིན་ནས་ཚོད་ལྟའི་འཁོར་སྐྱོད་དུས་མཚམས་སུ་སླེབས་པ་རེད། རྣམ་གྲངས་བསྐྲུན་ཚར་རྗེས། ཁྲོམ་གཞུང་3གྱི་གྲོང་མི་སྟོང་ཕྲག་དང་ཕྱུགས་ཟོག་གི་འཐུང་ཆུའི་གནད་དོན་དང་འཐུང་ཆུ་དཀོན་པ་སོགས་ཀྱི་གནད་དོན་ཐག་གཅོད་ཐུབ་རྒྱུ་རེད་ལ། དམངས་ཕན་གྱི་བྱེད་ཐབས་དངོས་སུ་དོན་ཐོག་ལ་འཁྱོལ་ཏེ་ལྗོངས་ཡོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པར་རྨང་གཞི་བརྟན་པོ་འདིང་ཐུབ་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེ་2018ལོའི་ཟླ་4ཚེས་17ཉིན་དངོས་སུ་སྐྲུན་འགོ་ཚུགས་པ་དང་། མིག་སྔར་ཞིབ་བཤེར་རྩིས་ལེན་རགས་ཙམ་ཟིན་ནས་ཚོད་ལྟའི་འཁོར་སྐྱོད་དུས་མཚམས་སུ་སླེབས་ཡོད། འཛུགས་སྐྲུན་གྱི་ནང་དོན་གཙོ་བོར་ཆུ་ཁུངས་ལས་གྲྭ་དང་། ཆུ་འདྲེན་མདོང་ལམ་ལས་གྲྭ ཆུ་གཙང་བཟོའི་སྒྲིག་ཆས། གློག་སྐུད། ཆུ་འཐེན་འཁོར་ཁང་དང་། དེ་བཞིན་དོ་དམ་ཁང་སོགས་ལེ་ལག་སྒྲིག་བཀོད་ཚུད་ཡོད། དེའི་ནང་ཆུ་མཁོ་སྤྲོད་ཁུལ་9ཡོད་པ་ནི་དོག་སྡེ་ཁྲོམ་གཞུང་གི་ཆུ་མིག་ཆུ་འདྲེན་ས་ཚིགས་1དང་། ཉང་བྲན་ཁྲོམ་གཞུང་གི་འཕྲུལ་ཁྲོན་ས་ཚིགས་4ཚལ་གུང་ཐང་ཁྲོམ་གཞུང་གི་ཆུ་མིག་ཆུ་འདྲེན་ས་ཚིགས་1དང་འཕྲུལ་ཁྲོན་ས་ཚིགས་3བཅས་ཡིན་པ་རེད།

    

 

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001388976891