བོད་ལྗོངས།
མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་ལེའུ་གསར་པ་བརྩམས།

    —— གཞིས་རྩེ་གྲོང་ཁྱེར་གྱིས་ཞིང་ལས་ཞིང་གྲོང་གི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ།

    འབྲུ་རིགས་ཐོན་ཚད་ཏུན་ཁྲི་44.65(དེའི་ཁྲོད་ནས་ཏུན་ཁྲི་40ཟིན་ཏེ་དུས་མཚུངས་ལས་3.97%འཕར་བ)ཟིན་པ་དང་། སྔོ་ཚལ་ཐོན་ཚད་ཏུན་ཁྲི་38.7(དུས་མཚུངས་ལས་8.56%འཕར་བ)ཟིན་པ། ཕྱུགས་རིགས་བཤའ་ཚད་མགོ་གྲངས་ཁྲི་176ཟིན་པ་དང་ཚོང་ཟོག་ཏུ་འགྱུར་ཚད་70%ཟིན་པ། ཤ་དང་འོ་མ་ཐོན་ཚད་སོ་སོར་ཏུན་ཁྲི་5.1དང་ཏུན་ཁྲི་12.9ཟིན་ནས་དུས་མཚུངས་ལས་3.45%དང་15.38%སོ་སོར་འཕར་ཡོད་པ་རེད། གྲོང་ཁྱེར་ཡོངས་ཀྱི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་11580ཟིན་པ་དང་འཕར་ཚད་13.4%ཟིན་ནས་འཕར་ཚད་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད།

    2019ལོར། གཞིས་རྩེ་གྲོང་ཁྱེར་གྱིས་ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་གཙོ་རྐང་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ཁ་ཕྱོགས། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡག་པོ་བྱེད་པ་གཞི་རྩའི་ཐབས་ཤེས་བཅས་སུ་བྱས་ཏེ། “6677”གྱི་སྤྱིའི་ལས་ཀའི་བསམ་ཕྱོགས་གཞིར་བཟུང་། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་བ། ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་བ་ལྟེ་བའི་དམིཌ་ཚད་དུ་བརྩི་བ་བཅས་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་ཞིང་ལས་དང་ཞིང་གྲོང་གི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་བྱས་པ་རེད།

    ཞིང་ལས་ཐོན་སྐྱེད་ལ་དམ་འཛིན་བྱས་ནས་འབྲུ་རིགས་བདེ་འཇགས་ཡོང་བར་བྱས་པ།

    2019ལོར། གཞིས་རྩེ་གྲོང་ཁྱེར་གྱིས་གོང་འོག་མཉམ་འབྲེལ་ཐད་ནུས་ཤུགས་འདོན་པ་དང་། སྲིད་འཛིན་དང་ལག་རྩལ་མཉམ་སྒུལ། སོན་བཟང་དང་བྱ་ཐབས་བཟང་པོ་མཉམ་སྤྱོད། ཞིང་འཕྲུལ་དང་ཞིང་ལས་ལག་རྩལ་ཟུང་འབྲེལ། སྡེ་ཚན་དབར་མཐུན་སྦྱོར་དང་བཅས་མཐའ་འཁྱོངས་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ་ནས་ཐོན་འཕར་བྱ་སྤྱོད་ཀྱི་འགག་སྒྲོལ་དམག་འཐབ་བརྒྱབ་པ་རེད།

    ན་ནིང་། གཞིས་རྩེ་གྲོང་ཁྱེར་གྱི་ཞིང་ལས་སྐྱེ་དངོས་འདེབས་ཁྱོན་མུའུ་ཁྲི་139.68ཟིན་པའི་ནང་འབྲུ་རིགས་སྐྱེ་དངོས་མུའུ་ཁྲི་96.8(ནས་མུའུ་ཁྲི་88.38ཟིན་པ)དང་དཔལ་འབྱོར་སྐྱེ་དངོས་མུའུ་ཁྲི་30.46 གཟན་རྩྭ་མུའུ་ཁྲི་12.42བཅས་ཡོད་པ་རེད། ཞིང་ལས་སྐྱེ་དངོས་ཀྱི་སོན་བཟང་གསོ་སྤེལ་རྟེན་གཞི་མུའུ་ཁྲི་6.15ཟིན་པ་དང་། ནས་ཀྱི་སོན་བཟང“ཧི་མ་ལ་ཡ་ཨང་22པ”མུའུ་ཁྲི་66.95དང“བོད་ནས་ཨང་2000པ”མུའུ་ཁྲི་13.86ཁྱབ་གདལ་བཏང་སྟེ། ནས་ཀྱི་སོན་བཟང་ཁྱབ་ཚད་95%ཡན་ཟིན་པ་རེད།

    གྲོང་ཁྱེར་ཡོངས་ཀྱི་ཞིང་འཕྲུལ་གྱི་ལས་དོན་ཁག་གསུམ་སྒྲུབ་ཚད་64.5%ཟིན་པ་དང་། རྫོང་དང་ཆུས་14རུ་མུའུ་ཁྲི་20.91གི་ཞིང་ས་གསར་སྦོལ་དང་ས་ཁོད་སྙོམས་པའི་ལས་འགན་བསྒྲུབས་ཡོད། གྲོང་ཁྱེར་ཡོངས་ཀྱིས་འབྲུ་རིགས་ནུས་པའི་ཁུལ་མུའུ་ཁྲི་172.3གཏན་ཁེལ་བྱས་ཏེ་རང་སྐྱོང་ལྗོངས་ཀྱིས་གཤམ་སྤྲོད་བྱས་པའི་ལས་འགན་ཚད་བརྒལ་ལེགས་སྒྲུབ་བྱས་པ་རེད།

    ཐོན་ལས་ཀྱི་རྨང་གཞི་བརྟན་དུ་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱས་པ།

    2019ལོར། གཞིས་རྩེ་གྲོང་ཁྱེར་གྱི་རྫོང་དང་ཆུས་ཁག་གིས་པའེ་ཡ་ཁྲེང་ཀུང་སི་དང་མཉམ་ལས་ལ་སྐུལ་འདེད་བཏང་ཞིང་། ཤ་ཤེད་ཞན་པའི་ཕྱུགས་རིགས་དང་ཐོན་སྐྱེད་བྱེད་མི་ཐུབ་པའི་ཕྱུགས་རིགས་དག་ཉོ་སྒྲུབ་ཀྱི་ཚད་གཞི་གཙོ་བོར་བརྩིས་ཏེ་ནོར་ལུག་ཁྲི་40.7ཉོས་པར་དངུལ་སྒོར་དུང་ཕྱུར་5.76སྤྲད་པ་དང་། འབྲོག་པ་མང་ཚོགས་ཁྲི་11.18སྐུལ་ཁྲིད་ཐུབ་པ་རེད།

    ལོ་གཅིག་ནང་། གྲོང་ཁྱེར་ཡོངས་ཀྱི་གྲོང་ཁྱེར་རིམ་པ་ཡན་གྱི་ཞིང་འབྲོག་ལས་ཐོན་ལས་ཅན་གཉེར་སྐྱོང་གི་སྣེ་འདྲེན་ཁེ་ལས་31བར་འཕེལ་རྒྱས་བཏང་བར་བསྡོམས་མ་དངུལ་འཇོག་ཚད་སྒོར་དུང་ཕྱུར་24.12ཟིན་པ་དང་། ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་6.5ཟིན་པ། ཁེ་སྤོགས་སྒོར་དུང་ཕྱུར་1བྱུང་བ། མི་2300གི་ལས་ཞུགས་ལ་སྐུལ་ཁྲིད་བྱས་པ་རེད།

    གྲོང་ཁྱེར་ཡོངས་ཀྱིས“ཀུང་སི་+མཉམ་ལས་ཁང་+ཞིང་དུད+རྟེན་གཞི”བཅས་ཀྱི་འཕེལ་རྒྱས་གཏོང་སྟངས་མགྱོགས་མྱུར་བཟོས་པ་དང་། གྲོང་ཁྱེར་ཡོངས་སུ་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་6577(དེའི་ཁྲོད་རྒྱལ་ཁབ་རིམ་པ་15དང་རང་སྐྱོང་ལྗོངས་རིམ་པ་20ཡོད་པ)ཟིན་ནས་གྲོང་ཚོ་ཚང་མར་ཁྱབ་ཐུབ་པའི་དམིགས་ཚད་་སྤྱིར་མངོན་འགྱུར་བྱུང་ཡོད། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མི་ཁྲི་དང་དབུལ་པོར་འགྱུར་ཉེན་ཆེ་བའི་དུད་ཚང་གི་མི་ཁྲི་4.8མ་རྐང་ལ་ཞུགས་ནས། གྲོང་ཁྱེར་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་དང་དབུལ་པོར་འགྱུར་ཉེན་ཆེ་བའི་དུད་ཚང་མི་འབོར་གྱིས་སོ་སོར་100%དང་85%བཟུང་བ་དང་སྒོར་ཁྲི་7400བགོ་བཤའ་བརྒྱབ་པ་རེད།

    སྡོད་མལ་ཁོར་ཡུག་ལེགས་སུ་བཏང་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་བསྐྲུན་པ།

    གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་ཁང་དམར་གྲོང་རྡལ་ལ་སྣོད་བཅུད་མཉམ་ལས་ཁང་ཞིག་ཡོད། དེ་གའི་ཚོང་སྒྲོམ་ཐོག་ཚྭ་དང་། ལག་འཁྲུད་འདག་ཁུ། ཅང་ཡིའུ། ཚུའུ་སོགས་འཚོ་བའི་སྤྱོད་ཆས་བྱུར་བུར་བསྒྲིགས་ཡོད་པ་དང་གྲོང་མི་ཚོས་ལྕགས་དང་། ཧ་ཡང་། ཟངས། ཤོག་སྒམ། དེབ(ཚགས་པར) ཧ་ཡང་ལྕགས་བསྲེས་མ། འགྱིག་དམ་སོགས་ཚུར་བསྡུ་ཆོག་པའི་གད་སྙིགས་སྤྱད་ནས་སྐར་མ་བསགས་ཏེ་སྣོད་བཅུད་མཉམ་ལས་ཁང་དེ་ནས་སྤྱོད་ཆས་སྣ་ཚོགས་བརྗེ་ཆོག་གི་ཡོད།

    ཁང་དམར་རྫོང་གི་གནས་ཚུལ་ནི་གཞིས་རྩེས་སྡོད་མལ་ལ་འཚམ་པའི་མཛེས་སྡུག་ལྡན་པའི་གྲོང་གསེབ་གཏོད་པའི་དཔེ་དབྱིབས་གཅིག་ཡིན་ཞིང་། གྲོང་ཁྱེར་ཡོངས་ཀྱིས་ཚན་རིག་དང་མཐུན་པའི་སྒོ་ནས་གཉིས་པའི་ཁུལ་དང་གསུམ་པའི་ཁུལ་གྱི་གསང་སྤྱོད་གསར་བརྗེའི་དམིགས་ཚད་ལས་འགན་བཟོས་ཏེ་བསམ་གྲུབ་རྩེ་དང་། པ་སྣམ། གྲོ་མོ་བཅས་རིགས་གཉིས་པའི་ཁུལ་གྱི་རྫོང་གི་གཙང་སྦྲ་ལྡན་པའི་གསང་སྤྱོད་གསར་བརྗེ་བྱེད་ཚད་85%ཡན་ཟིན་ལ། གྲོང་གསེབ་དུད་ཚང་གི་གསང་སྤྱོད་གསར་བརྗེར“བྱ་དགས་ཁ་གསབ་ཀྱི་ཚབ་བྱེད་པའི”མ་དངུལ་སྒོར་ཁྲི་3057.8དོན་འཁྱོལ་བྱས་ཡོད་པ་རེད། གྲོང་ཁྱེར་ཡོངས་ཀྱིས་གཙང་སྦྲ་ལྡན་པའི་གསང་སྤྱོད་62763བསྐྲུན་པ་དེས་གྲོང་ཁྱེར་ཡོངས་ཀྱི་གྲོང་གསེབ་དུད་ཚང་བསྡོམས་འབོར་གྱི་44.6%ཙམ་བཟུང་བ་དང་སྤྱི་པའི་གཙང་སྦྲ་ལྡན་པའི་གསང་སྤྱོད་1098གསར་བརྗེ་ཟིན་ཡོད་པ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001388978561