བོད་ལྗོངས།
རྒྱལ་ཡོངས་ཀྱི་ས་བབ་མཐོ་ཤོས་རྫོང་གི་གྲོང་སྡོད་བཟའ་ཚོས་དབུལ་སྒྲོལ་བྱེད་རོགས་བྱས་པའི་སྐོར།

    གཉུག་བའི་དགེ་གཏོང་གྲོང་ཚོའི་གྲོང་མི་242ལས་20%དུད་ཚང་དབུལ་པོ་ཡིན་པ།

    གྲོང་སྡོད་ལས་དོན་རུ་ཁག་སླེབས་རྗེས་གྲོང་མི་ཚོའི་དབུལ་སྒྲོལ་ལམ་ཤར་གཏོང་ཐུབ་ཆེད། ཁོང་ཚོས་བསམ་བློའི་སློབ་གསོ་རྒྱག་པ་ནས་འགོ་བཙུགས་ཏེ“རིག་སྐྱོར”གྱི་ལས་དོན་འབོར་ཆེན་བསྒྲུབས།

    2019ལོའི་ལོ་མཇུག་ཏུ་གཉུག་བའི་དགེ་གཏོང་གྲོང་ཚོའི་དུད་ཚང་དབུལ་པོ་ལྷག་མ་15དེ་དག་ཚང་མ་དབུལ་སྒྲོལ་ཐུབ་ནས་མི་རེར་ལོ་རེར་ཆ་སྙོམས་སྒོར་8057ཡན་ཟིན་ཡོད་པ་རེད། དངུལ་སྨར་དང་དངོས་པོ་བགོ་བཤའ་བརྒྱབ་པ་ལས་གྲོང་མི་ཚོའི་འཚོ་བའི་སྤུས་ཚད་ལེགས་སུ་ཞེ་དྲག་ཕྱིན་ཡོད། “དུད་ཚང་དབུལ་པོ་ཁག་གཅིག་ལ་དེ་སྔ་ལུག་6ལས་བགོ་བཤའ་རག་གི་མེད་པ་དང་འདི་ལོ་20ཙམ་རག་ཡོད། ང་ཚོས་ད་དུང་གཅིག་སྡུད་ཉོ་སྒྲུབ་བྱེད་པའི་ཐབས་ལ་བརྟེན་ནས་འབྲོག་པ་ཚོར་སྔོ་ཚལ་སོགས་ཉོ་རོགས་བྱེད་ཀྱི་ཡོད”ཅེས་དཀོན་མཆོག་ནམ་མཁས་བཤད།

    ལྷ་སའི་བྱང་ཕྱོགས་ཀྱི་སྤྱི་ལེ་300ཙམ་ནས་ནུབ་ཕྱོགས་སུ་ཡང་བསྐྱར་སྤྱི་ལེ་500ཙམ་བསྐྱོད་ཚེ་ས་བབ་མཐོ་ཚད་སྨི་4700ཡོད་པའི་མུ་མེད་རྩྭ་ཐང་གི་འབྲོག་ལས་གྲོང་སྡེ་བོད་ལྗོངས་ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་གཉུག་བའི་དགེ་གཏོང་གྲོང་ཚོ་ཆགས་ཡོད་ཅིང་། དེ་ནི་བྱང་རྩྭ་ཐང་གི་ཆ་ཤས་ཤིག་རེད།

    2019ལོའི་ཟླ་1ཚེས་16ཉིན་རྒྱལ་ཡོངས་ཀྱི་ས་བབ་མཐོ་ཤོས་རྫོང་སྟེ་མཚོ་གཉིས་རྫོང་གྲོང་དུ་ལས་ཀ་བྱེད་བཞིན་པའི་དཀོན་མཆོག་ནམ་མཁའ་དང་ཚེ་རིང་གཡང་འཛོམས་དབུལ་སྐྱོར་ལས་བྱེད་པའི་མིང་ཐོག་ནས་གཉུག་བའི་དགེ་གཏོང་གྲོང་ཚོར་མཉམ་དུ་བཅའ་སྡོད་བྱས། ཉིན་དེར་ཁོ་གཉིས་ཆང་སའི་སྤ་སེ་བླངས་ནས་ཉིན་5ལས་སོང་མེད། སྐབས་དེ་དུས་གཉུག་བའི་དགེ་གཏོང་གྲོང་ཚོའི་གྲོང་མི་242ལས་20%དུད་ཚང་དབུལ་པོ་རེད།

    གཉུག་བའི་དགེ་གཏོང་གྲོང་ཚོ་བྱང་རྩྭ་ཐང་གི་མཐར་གནས་ཤིང་། ཕྱི་ཕྱོགས་སུ་སྐྱོད་སའི་ལམ་གཅིག་རང་ལས་མེད་པ་དང་གྲང་རླུང་བར་མེད་ལྡང་གི་ཡོད། ཁང་པའི་ཕྱི་རོལ་དུ་ཕྱུགས་རྫི་ཕུད་འགྲོ་འོང་བྱེད་མཁན་ཧ་ལམ་མཐོང་རྒྱུ་མེད།

    ཆ་རྐྱེན་ཧ་ཅང་ཞན་སྟབས་གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོ་ཨུ་ལྷན་ནས་གཞུང་ལས་ཁང་ཞིག་གཡར་ཏེ་སྡོད་གནས་དང་གཞུང་ལས་ཁང་གཅིག་ལྕོགས་བྱེད་ཀྱི་ཡོད། དཀོན་མཆོག་ནམ་མཁའ་དང་ཚེ་རིང་གཡང་འཛོམས་དེ་སྔ་ལོ་གཅིག་གྲོང་ཚོར་བཅའ་སྡོད་བྱེད་མྱོང་ཡོད་པས་སྡོད་གནས་ཀྱི་ཆ་རྐྱེན་ཞན་པ་སོགས་གསལ་པོར་ཤེས་ཀྱི་ཡོད།

    2018ལོར་གཉུག་བའི་དགེ་གཏོང་གྲོང་ཚོས་འབྲོག་ལས་མཉམ་ལས་ཁང་བཙུགས་ཏེ་འབྲོག་པར་དངོས་ཟོག་གཅིག་སྡུད་ཉོ་སྒྲུབ་དང་ཕྱུགས་རིགས་ཐོན་རྫས་ཕྱིར་ཚོང་བྱེད་རོགས་བྱེད་ཀྱི་ཡོད་མོད། འོན་ཀྱང་ཐོན་རྫས་ཕྱིར་ཚོང་མི་ཐུབ་པ་དང་ངལ་ནུས་འཕྲོ་བརླག་འགྲོ་བ་སོགས་ཀྱི་གནས་ཚུལ་ཐག་གཅོད་ཡག་པོ་ཞིག་མ་བྱུང་བས་གྲོང་མི་མང་པོས་མཉམ་ལས་ཁང་ལ་ཞུགས་འདོད་དེ་ཙམ་བྱེད་ཀྱི་མེད།

    གྲོང་སྡོད་ལས་དོན་རུ་ཁག་སླེབས་རྗེས་གྲོང་མི་ཚོའི་དབུལ་སྒྲོལ་ལམ་ཤར་གཏོང་ཐུབ་ཆེད། ཁོང་ཚོས་བསམ་བློའི་སློབ་གསོ་རྒྱག་པ་ནས་འགོ་བཙུགས་ཏེ“རིག་སྐྱོར”གྱི་ལས་དོན་འབོར་ཆེན་བསྒྲུབས།

    གཉུག་བའི་དགེ་གཏོང་གྲོང་ཚོའི་གྲོང་མི་ཁག་གཅིག་དུས་རྒྱུན་ཐག་རིང་གི་མཚེར་སར་སྡོད་ཀྱི་ཡོད་པས་དུད་ཚང་ཚང་མར་བསམ་བློའི་སློབ་གསོ་རྒྱག་ཆེད་གྲོང་སྡོད་ལས་དོན་རུ་ཁག་གིས་ལོ་གཅིག་ལ་དུད་ཚང་དུ་ཐེངས་50ཙམ་བསྐྱོད་པ་དང་འགྲོ་སྐྱོད་སྤྱི་ལེ་5000ཙམ་བྱས་པ་མ་ཟད། ཁོ་ཚོས་ད་དུང་སྒྲོག་འགྲེལ་དཔྱད་གཞི་དུད་ཚང་ཚང་མར་བསྐྱལ་ནས་གྲོང་མི་ཚོས་སྲིད་ཇུས་གསར་པ་ཤེས་རྟོགས་ཐུབ་པ་དང་ཕྱུག་པོའི་ཕྱོགས་སུ་སྐྱོད་ཐུབ་པའི་རོགས་རམ་བྱེད་ཀྱི་ཡོད།

    ལོ་གཅིག་རིང་དཀོན་མཆོག་ནམ་མཁའ་དང་ཚེ་རིང་གཡང་འཛོམས་ཀྱིས་གྲོང་མི་ཚོ་དང་ཅི་འཕྲོས་མོལ་འཕྲོས་ཐེངས་མང་བྱས་ཏེ་ཁོ་ཚོའི་འཚོ་བའི་དཀའ་ངལ་མང་པོ་བསལ་བ་རེད། ཚེ་རིང་གཡང་འཛོམས་ཀྱིས་ཆེད་མངགས“གྲོང་མིའི་མིང་ཐོ”ཞེས་པའི་དེབ་ཅིག་གྲ་སྒྲིག་བྱས་ནས་དེའི་ནང་དུད་ཚང་ཚང་མའི་ཁྱིམ་ཚང་གི་གནས་ཚུལ་དང་། ཕྲད་པའི་དཀའ་ངལ། ཐག་གཅོད་ཀྱི་བསམ་ཕྱོགས་སོགས་བཀོད་ཡོད།

    2019ལོའི་ལོ་མཇུག་ཏུ་གཉུག་བའི་དགེ་གཏོང་གྲོང་ཚོའི་དུད་ཚང་དབུལ་པོ་ལྷག་མ་15དེ་དག་ཚང་མ་དབུལ་སྒྲོལ་ཐུབ་ནས་མི་རེར་ལོ་རེར་ཆ་སྙོམས་སྒོར་8057ཡན་ཟིན་ཡོད། དངུལ་སྨར་དང་དངོས་པོ་བགོ་བཤའ་བརྒྱབ་པ་ལས་གྲོང་མི་ཚོའི་འཚོ་བའི་སྤུས་ཚད་ལེགས་སུ་ཤུགས་ཆེན་ཕྱིན་ཡོད། “དུད་ཚང་དབུལ་པོ་ཁག་གཅིག་ལ་དེ་སྔ་ལུག་6ལས་བགོ་བཤའ་རག་གི་མེད་པ་དང་འདི་ལོ་20ཙམ་རག་ཡོད། ང་ཚོས་ད་དུང་གཅིག་སྡུད་ཉོ་སྒྲུབ་བྱེད་པའི་ཐབས་ལ་བརྟེན་ནས་འབྲོག་པ་ཚོར་སྔོ་ཚལ་སོགས་ཉོ་རོགས་བྱེད་ཀྱི་ཡོད”ཅེས་དཀོན་མཆོག་ནམ་མཁས་བཤད།

    གསར་འགོད་པ་གཉུག་བའི་དགེ་གཏོང་གྲོང་ཚོར་སྐྱོད་སྐབས། གཉེན་སྒྲིག་བྱས་ནས་ཡུན་རིང་མ་སོང་བའི་ཁྱོ་ཤུག་དེ་གཉིས་ཀྱི་གྲོང་སྡོད་ལས་དོན་མཇུག་འགྲིལ་ལ་ཉེ། གཉུག་བའི་དགེ་གཏོང་གྲོང་ཚོའི་གྲོང་སྡོད་གཞུང་ལས་ཁང་གི་གྱང་ཐོག་ཏུ་དབུལ་སྐྱོར་དཔྱད་ཡིག་དང་ཁོ་ཚོས་དབུལ་སྒྲོལ་ལམ་དུ་བསྒྲུབས་པའི་ལས་ཀའི་ཟིན་ཐོ་སོགས་ཧ་ཅང་མང་པོ་བཀལ་འདུག

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་བློ་གྲོས་རྒྱ་མཚོ།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001389068831