བོད་ལྗོངས།
ཇོ་མོ་གླང་མའི་འདབས་ཡངས་སུ་དབུལ་སྒྲོལ་འགག་སྒྲོལ་ལས་ལ་བྲེལ།

    —— བོད་ལྗོངས་གཞིས་རྩེའི་ཐོན་ལས་དབུལ་སྐྱོར་ལ་གྲུབ་འབྲས་ཐོབ་པའི་སྐོར་བཀོད་པ།

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལིའུ་ཧུང་མིང་དང་ཀྲང་རུའུ་ཧྥེང་།

    ཕུར་བུ་བུ་ཁྲིད། འདིར་ལས་ཀ་བྱེད་པའི་དགེ་མཚན་ཆེ་ཤོས་ཁྱིམ་དང་ཐག་ཉེ་པོ་འདུག མ་ཟད་ཡོང་འབབ་ཀྱང་བརྟན་པོ་འདུག ཟླ་རེར་གླ་ཆ་སྒོར་4500ཡོད་ལ་ཀུང་སིས་ཟས་སྡོད་ཀྱང་མཁོ་འདོན་བྱེད་ཀྱི་འདུག

    ཀྲང་ཞུའེ་པིན། 2019ལོར་ནས་རྒྱ་མ་རེར་ཁྲོམ་ར་ལས་སྒོར་0.35མཐོ་བ་སྤྲད་དེ་གཞིས་རྩེའི་རྫོང་ཁག་གི་ནས་ཏུན་2000ལྷག་ཙམ་ཉོས་པ་དང་། ལོ་ཧྲིལ་པོར་ཐད་ཀར་རམ་ཡང་ན་ཤུགས་ནས་མི་108ཡི་ལས་ཞུགས་ཐག་གཅོད་བྱས་པ། མི་642ཀྱི་དབུལ་སྒྲོལ་ལ་སྐུལ་ཁྲིད་བྱས་ཡོད།

    ཉི་མ་བསོད་ནམས། གཞིས་རྩེར‘བོད་ཀྱི་འབྲུ་མཛོད’ཅེས་རྗོད་སྲོལ་ཡོད། ང་ཆུང་དུས་ནས་དེར་འཚར་ལོངས་བྱུང་བས་ཕ་མེས་ཚོས་ལོ་ངོ་སྟོང་ཕྲག་རིང་ཟས་སུ་བརྟེན་པའི་ནས་ཀྱི་རིན་ཐང་ཆེ་རུ་གཏོང་བ་ནི་ངའི་ཕུགས་འདུན་ཆེ་ཤོས་ཡིན། དེས་ན་ང་ལ་ནས་ཀྱི་ལས་སྣོན་ལ་གཞོལ་འདོད་ཀྱི་བསམ་པ་སྐྱེས་བྱུང་། སེམས་ཤུགས་ཡོད་ན་ལས་ཀ་གང་ཞིག་བྱས་ཀྱང་སྤྲོ་སྣང་འཕེལ་ཐུབ།

    དཔྱིད་ཀྱི་ཉི་གཞོན་དྭངས་ཤིང་གཙང་བའི་ཡར་ཀླུང་གཙང་པོ་དང་དེའི་ཡན་ལག་ཆུ་བོ་མྱང་ཆུར་འཕྲོ་སྐབས། ཇོ་མོ་གླང་མའི་འདབས་སུ་གནས་པའི་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་དང་རྒྱལ་རྩེ་རྫོང་སོགས་སུ་མི་རྣམས་སླར་ཡང་ལོ་གསར་པའི་ལས་ལ་བྲེལ་འགོ་ཚུགས།

    གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ལྕགས་འདམ་ཤང་དུ་ཀོ་ལྕག་གྲོང་ཚོ་གསར་པའི་གྲོང་མི་ཕུར་བུ་བུ་ཁྲིད་ཀྱི་ཚ་བ་ཏག་ཏག་བསྡད་རྗེས་ཐོན་སྐྱེད་བཟོ་གྲྭར་འཛུལ་ནས་ཐོན་རྫས་ཤོག་སྒམ་དུ་བླུག་པའི་ལས་ཀ་བྱེད་འགོ་ཚུགས། “འདིར་ལས་ཀ་བྱེད་པའི་དགེ་མཚན་ཆེ་ཤོས་ཁྱིམ་དང་ཐག་ཉེ་པོ་འདུག མ་ཟད་ཡོང་འབབ་ཀྱང་བརྟན་པོ་འདུག ཟླ་རེར་གླ་ཆ་སྒོར་4500ཡོད་ལ་ཀུང་སིས་ཟས་སྡོད་ཀྱང་མཁོ་འདོན་བྱེད་ཀྱི་འདུག”ཅེས་བཤད།

    ཟླ་3ཚེས་1ཉིན་ནས་བཟུང་ཕུར་བུ་བུ་ཁྲིད་ལས་ཀ་བྱེད་སའི་བདེ་ཆེན་3900གཞིས་ཀ་ཚད་ཡོད་ཀུང་སིའི་ཐོན་སྐྱེད་སླར་གསོ་བྱེད་འགོ་ཚུགས་པ་དང་། མིག་སྔར་ལས་གནས་སུ་ལས་བཟོ་34ཡོད་པ་དེ་དག་ཚང་མ་ས་གནས་དེ་གའི་སློབ་ཆེན་སློབ་མའམ་ཡང་ན་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཤ་སྟག་རེད། ཀུང་སིའི་ཏུང་ཧྲེ་ཀྲང་ཀྲང་ཞུའེ་པིན་གྱིས“2019ལོར་ནས་རྒྱ་མ་རེར་ཁྲོམ་ར་ལས་སྒོར་0.35མཐོ་བ་སྤྲད་དེ་གཞིས་རྩེའི་རྫོང་ཁག་གི་ནས་ཏུན་2000ལྷག་ཙམ་ཉོས་པ་དང་། ལོ་ཧྲིལ་པོར་ཐད་ཀར་རམ་ཡང་ན་ཤུགས་ནས་མི་108ཡི་ལས་ཞུགས་ཐག་གཅོད་བྱས་པ། མི་642ཀྱི་དབུལ་སྒྲོལ་ལ་སྐུལ་ཁྲིད་བྱས་ཡོད”ཅེས་བཤད།

    ནས་ནི་བོད་ཀྱི་འབྲུ་རིགས་གཙོ་བོ་ཡིན་པ་དང་ཉེ་བའི་ལོའི་རིང་ནས་ལ་ལས་སྣོན་ཞིབ་ཚགས་བྱེད་པ་ནི་མི་སེར་ལ་ཐོན་འཕར་དང་འབབ་འཕར་ཡོང་བའི་ཐབས་ལམ་གལ་ཆེན་དུ་གྱུར་ཡོད། ནས་ནི་སྲོལ་རྒྱུན་གྱི་རྩམ་པ་འཐག་པ་དང་ཆང་སྙོལ་བ་ཕུད། ད་དུང་ཡོས་དང་། ནས་ཆག་སོགས་འཕྲོད་སྦྱོར་གྱི་ནུས་པ་ལྡན་པའི་བཟའ་བཏུང་ཐོན་རྫས་ལས་སྣོན་ཞིབ་ཕྲ་བྱེད་པར་ཡང་སྤྱོད་ཀྱི་ཡོད། བོད་ཀྱིས་2016ལོར་སྔར་ཡོད་ཀྱི་ལས་སྣོན་རྣམ་གྲངས་ཀྱི་རྨང་གཞིའི་ཐོག་ཁྱད་ལྡན་ཞིང་ལས་ཐོན་རྫས་ལས་སྣོན་གྱི་ཆེད་དམིགས་རྣམ་གྲངས་གལ་ཆེན་ལག་བསྟར་བྱེད་འགོ་ཚུགས་ཤིང་། ལོ་ལྟར་སྒོར་ཁྲི་ཆིག་སྟོང་ཙམ་བཏང་ནས་ཚན་རྩལ་འདུས་ཚད་མཐོ་བ་དང་གསར་གཏོད་བྱེད་ནུས་ཆེ་བའི་ནས་ཀྱི་ལས་སྣོན་སྣེ་འདྲེན་ཁེ་ལས་ཁག་གཅིག་ལ་གཙོ་གནད་རོགས་སྐྱོར་བྱེད་ཀྱི་ཡོད་པ་རེད།

    ལྕགས་འདམ་ཤང་གི་ཤང་ཀྲང་ཀའོ་ཀྲེན་ཧྲན་གྱིས“ཀུང་སི་དེར་སྲིད་གཞུང་གི་རོགས་སྐྱོར་ཐོབ་པའི་དབང་གིས་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་ནས་ཀྱི་ལས་སྣོན་ཞིབ་ཚགས་ཐོན་ལས་ཀྱིས་ལས་ཞུགས་ལ་སྣེ་ཁྲིད་པའི་ཕན་འབྲས་མངོན་གསལ་དོད་པོ་བྱུང་ཡོད། ཁོ་ཚོས་ཐོན་རྫས་རྩེ་གྲའི་ཞིབ་བཟོར་སྣང་ཆེན་བྱེད་ཀྱི་ཡོད་པས་ས་གནས་དེ་གའི་ཐོན་ཁུངས་ལ་བརྟེན་པའི‘རང་རྟེན་རྣམ་པའི་དབུལ་སྐྱོར’མངོན་འགྱུར་བྱུང་ཡོད་ལ་སློབ་ཆེན་ཐོན་པའི་སློབ་མ་ཁག་གཅིག་ཀྱང་བསྡུས་ཡོད”ཅེས་བཤད།

    “གཞིས་རྩེར‘བོད་ཀྱི་འབྲུ་མཛོད’ཅེས་བརྗོད་སྲོལ་ཡོད། ང་ཆུང་དུས་ནས་འདི་གར་འཚར་ལོངས་བྱུང་བས་ཕ་མེས་ཚོས་ལོ་ངོ་སྟོང་ཕྲག་རིང་ཟས་སུ་བརྟེན་པའི་ནས་ཀྱི་རིན་ཐང་ཆེ་རུ་གཏོང་རྒྱུ་དེ་ངའི་ཕུགས་འདུན་ཆེ་ཤོས་ཡིན། དེས་ན་ང་ལ་ནས་ཀྱི་ལས་སྣོན་ལ་གཞོལ་འདོད་ཀྱི་བསམ་པ་སྐྱེས་བྱུང་། སེམས་ཤུགས་ཡོད་ན་ལས་ཀ་གང་ཞིག་བྱས་ཀྱང་སྤྲོ་སྣང་འཕེལ་ཐུབ” འབྲོང་པ་རྫོང་ལུང་དཀར་ཤང་ནར་རྒྱུད་གྲོང་ཚོའི་ལོ་26ལ་སླེབས་པའི་ཉི་མ་བསོད་ནམས་སློབ་གྲྭ་ཐོན་རྗེས་དེར་ད་བར་ལས་ཀ་ལོ་གཅིག་དང་ལོ་ཕྱེད་བྱས། ལས་ཀ་ཧུར་ཐག་བྱས་པའི་དབང་གིས་ད་ཆ་ཁོང་ཡོས་ཐོན་སྐྱེད་བརྒྱུད་རིམ་གྱི་འགན་འཁུར་བར་བསྐོས་པ་རེད།

    2016ལོ་ནས་བཟུང་། བོད་ཀྱིས་རིམ་རྩིས་བྱས་ན་ཐོན་ལས་དབུལ་སྐྱོར་རྣམ་གྲངས་2639ལག་བསྟར་བྱས་ནས་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་23.8ཀྱི་དབུལ་སྒྲོལ་ལ་སྐུལ་ཁྲིད་བྱས་པ་དང་ཆབས་ཅིག “རིག་སྐྱོར་དང་བློ་སྐྱོར”ལ་སྐུལ་འདེད་བཏང་བ་བརྒྱུད། རིམ་རྩིས་བྱས་ན་ངལ་ནུས་དབུལ་པོ་མི་ཐེངས་ཁྲི་15.5ལ་གསོ་སྦྱོང་བྱས་པ་དང་། མི་ཁྲི་18.6ལས་ཞུགས་གཞན་སྒྱུར་བྱས་པ་རེད། ས་ཁུལ་དབུལ་པོའི“སེམས་ཁྲལ་མི་དགོས་པ་གཉིས་དང་འགན་ལེན་གསུམ”གྱི་གནད་དོན་ཚང་མ་ཐག་གཅོད་བྱས་ཟིན་པ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001389069321