བོད་ལྗོངས།
དུས་ཚིགས་དང་པོར་ཆབ་མདོའི་ཞིང་འབྲོག་པ་ཁྲི་1.5ལས་ཞུགས་གཞན་སྒྱུར་ཐུབ་པ།

    ཉིན་ཤས་གོང་གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། དུས་ཚིགས་དང་པོར་ཆབ་མདོ་གྲོང་ཁྱེར་གྱི་གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྔོན་རྩིས་ལྟར་ན་སྒོར་823ཟིན་པ་དེ་དུས་མཚུངས་ལས་12.6%འཕར་བ་དང་། ཞིང་འབྲོག་པ་15069ལས་ཞུགས་གཞན་སྒྱུར་ཐུབ་ནས(དེའི་ནང་ཡིག་ཚགས་དང་གཱ་བཟོས་པའི་དབུལ་པོ་4463ལས་ཞུགས་གཞན་སྒྱུར་ཐུབ་པ)ཡོང་འབབ་སྒོར་དུང་ཕྱུར་0.99ཟིན་ཡོད་པ་རེད།

    ཞིང་འབྲོག་པའི་འབབ་འཕར་ལ་རྒྱུན་མཐུད་སྐུལ་འདེད་གཏོང་ཆེད། ཆབ་མདོ་གྲོང་ཁྱེར་གྱིས་འབྲེལ་ཡོད་བླང་བྱར་གཞིགས་ནས《ཆབ་མདོ་གྲོང་ཁྱེར་གྱི་2020ལོའི་ཞིང་འབྲོག་པའི“འབབ་འཕར་གྱི་བྱེད་ཐབས་ཆེན་པོ་བཅུ”དོན་འཁྱོལ་བྱེད་པའི་ཞིབ་ཚགས་ཇུས་གཞི》བཟོས་ནས་2020ལོར་གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་13.5%ཡན་ཟིན་པ་དང་། ངལ་ནུས་ལྷག་མ་ཁྲི་12ཡན་ལས་ཞུགས་གཞན་སྒྱུར་ཐུབ་ནས་ལས་ཞུགས་གཞན་སྒྱུར་གྱི་ཡོང་འབབ་སྒོར་དུང་ཕྱུར་6.6ཡན་ཟིན་པ་དང་ཞིང་འབྲོག་པའི་ངལ་ནུས་རང་བཞིན་གྱི་ཡོང་འབབ་20%ཡན་འཕར་རྒྱུ་ཁ་གསལ་བཟོས་ཡོད།

    ལས་ཞུགས་གཞན་སྒྱུར་གྱི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་ཆེད། ཆབ་མདོ་གྲོང་ཁྱེར་གྱིས་གསོ་སྦྱོང་བྱེད་སྟངས་གསར་གཏོད་བྱས་ནས“ལས་ཀས་གསོ་སྦྱོང་གི་ཚབ་བྱེད་པ”དང“ལས་ཀས་གུན་སྐྱོབ་ཀྱི་ཚབ་བྱེད་པ” “ཁེ་ལས་ཀྱིས་འགན་གཙང་ལེན་པ” “དགེ་རྒན་གྱིས་དགེ་ཕྲུག་ཁྲིད་པ”སོགས་ཀྱི་མངགས་ཐོ་དང་ཁ་ཕྱོགས་གཏན་འཁེལ་གྱི་རྩལ་ནུས་གསོ་སྦྱོང་ཧུར་ཐག་བྱས་པས“གཤམ་སྐྱོད་གསོ་སྦྱོང”གིས་གཙོ་བོར་བྱེད་པ་དང་། གཅིག་སྡུད་གསོ་སྦྱོང་གིས་རམ་འདེགས་སུ་བྱེད་པ། ཁ་གཏད་བོད་སྐྱོར་གསོ་སྦྱོང་གིས་ཁ་གསབ་བྱེད་པ་བཅས་དང་། སྲིད་གཞུང་གི་གཙོ་ཁྲིད་དང་ཁེ་ལས་ཞུགས་པའི་གསོ་སྦྱོང་ལས་ཀའི་རྣམ་པ་ཆགས་ཡོད་པ་རེད། མིག་སྔའི་བར་མི་4000ལ་ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང(ཡིག་ཚགས་དང་གཱ་བཟོས་པའི་མི་1300ལ་སྲ་བརྟན་མཐོར་གཏོང་གི་གསོ་སྦྱོང་)བྱས་པ་དང་གསོ་སྦྱོང་བྱས་རྗེས་མི་2520ལས་ཞུགས་ཐུབ་ཡོད། རྣམ་གྲངས་འཛུགས་སྐྲུན་གྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ཞིང་། དུས་ཚིགས་དང་པོར་ཆབ་མདོར་རྣམ་གྲངས་197ལས་འགོ་བསྐྱར་འཛུགས་བྱས་པའི་ནང་ས་གནས་དེ་གའི་ཨར་སྐྲུན་ཁེ་ལས་འཛུགས་སྐྲུན་ནང་ཞུགས་པའི་རྣམ་གྲངས་80ཡོད་པ་དེར་ཁྱོན་ལས་མི་44887སྤྱད་ཡོད་པ་དང་། ས་གནས་དེ་གའི་ཞིང་འབྲོག་པ་24661བསྡུས་ཏེ་ཞིང་འབྲོག་པ་སྤྱོད་ཚད་55%ཟིན་ནས་ཞིང་འབྲོག་པར་འབབ་འཕར་སྒོར་ཁྲི་4384.74ཡོང་རྒྱུར་སྐུལ་འདེད་བཏང་བ་དང་། མི་རེར་ཆ་སྙོམས་འབབ་འཕར་སྒོར་1778བྱུང་ཡོད་པ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001390344931