བོད་ལྗོངས།
བོད་ཀྱིས་འཕྲུལ་ཆས་ཅན་ལ་བརྟེན་ནས་ཞིང་ལས་སྐྱེ་དངོས་རྨོ་འདེབས་དང་བརྔ་བསྡུ་བྱེད་ཚད་64%ཟིན་པ།

    ཉེ་དུས་གསར་འགོད་པས་བོད་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱས་པར། 2019ལོ་བར་བོད་ཀྱི་ཞིང་འཕྲུལ་གྱི་སྤྱིའི་སྒུལ་ཤུགས་ཆན་ཝ་ཁྲི་680ཟིན་པ་དང་འཕྲུལ་ཆས་ཅན་ལ་བརྟེན་ནས་ཞིང་ལས་སྐྱེ་དངོས་རྨོ་འདེབས་དང་བརྔ་བསྡུ་བྱེད་ཚད་64%ཟིན་ཡོད་པ་རེད།

    ཞིང་ལས་གྲོང་གསེབ་ཐིང་གི་ཏང་ཙུའུ་ཡི་ཁོངས་མི་དང་ཞིང་ལས་ལག་རྩལ་ཆེ་མོ་བ་ལིན་མུའུ་ཡིས་བོད་ཀྱི་ས་ཁུལ་མང་ཆེ་བའི་ཞིང་འབྲོག་མང་ཚོགས་ལྗིད་རྫོབ་ཆེ་བའི་ལུས་པོའི་ངལ་རྩོལ་ཁྲོད་ནས་བཅིངས་འགྲོལ་འཐོབ་སྟེ། ཞིང་འཕྲུལ་འཕེལ་རྒྱས་དེ་འབོར་ཚད་འཕར་བ་དང་སྤུས་ཚད་ལེགས་པའི་མཉམ་འགུལ་འཕེལ་རྒྱས་བརྒྱུད་རིམ་དུ་གནས་བཞིན་ཡོད་ཅེས་གསུངས་པ་རེད།

    གསར་འགོད་པས་ཤེས་རྟོགས་བྱས་པར། བོད་ཀྱིས་ཞིང་འཕྲུལ་ཁ་གསབ་སྲིད་ཇུས་མུ་མཐུད་ལག་བསྟར་ཤུགས་ཆེན་བྱས་ཏེ། བོད་འདི་ཉིད་སྲོལ་རྒྱུན་ཞིང་འཕྲུལ་ནས་རིག་ནུས་ཞིང་འཕྲུལ་ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ཡོད། རིམ་ཁག་ཞིང་ལས་གྲོང་གསེབ་སྡེ་ཚན་གྱིས་ལག་རྩལ་ཁྱབ་གདལ་ཤུགས་ཆེན་གཏོང་རྒྱུ་དེ་ཆ་འཕྲིན་ཅན་དང་། རང་འགུལ་ཅན། རིག་ནུས་ཅན་བཅས་དང་ཟུང་འབྲེལ་གཏིང་ཟབ་བྱས་ཏེ། ཞིང་འཕྲུལ་ལག་རྩལ་ཁྱབ་གདལ་གསར་གཏོད་དང་། གཞན་སྒྱུར། འདེགས་སྐྱོར། ཞབས་ཞུ་བཅས་ཀྱི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001390345101