བོད་ལྗོངས།
བོད་ལྗོངས་གཞིས་རྩེར་ཞིང་པས་དཔྱིད་རྨོད་ལས་ལ་བྲེལ་བ།

(经济)(1)西藏日喀则:农民春耕忙

    ཟླ་5ཚེས་4ཉིན། གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དུ་ཞིང་པས་ཞིང་ནང་དུ་ངལ་རྩོལ་བྱེད་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཧྲེན་ཧུང་པིང་གིས་པར་བླངས།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་ནི་ཡར་ཀླུང་གཙང་པོ་དང་དེའི་ཆུ་ལག་གཙོ་བོ་ཡིན་པའི་མྱང་ཆུ་གཙང་པོའི་འདྲེས་མཚམས་ཀྱི་ལུང་གཞུང་དུ་གནས་ཡོད། དེ་གར་ཉི་འོད་ཕོག་ཚད་མང་བ་དང་ཞིང་ལས་དར་རྒྱས་ཆེ་བས“བོད་ཀྱི་འབྲུ་མཛོད”ཅེས་འབོད་ཀྱི་ཡོད། ཉེ་ཆར་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དང་རྒྱལ་རྩེ་རྫོང་སོགས་སུ་རྒྱ་ཆེའི་ཞིང་པས་དུས་ཚོད་དམ་འཛིན་བྱས་ནས་དཔྱིད་རྨོད་ལས་ལ་བྲེལ་བའི་རྣམ་པ་ཞིག་རབ་ཏུ་མངོན།

(经济)(2)西藏日喀则:农民春耕忙

    ཟླ་5ཚེས་4ཉིན། གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་ནོར་ཁྱུང་གྲོང་རྡལ་དམ་འབྱོར་གྲོང་ཚོའི་ལོ་35ལ་སླེབས་པའི་གྲོང་མི་ཚེ་དབང་གིས་འདྲུད་འཐེན་འཁོར་ལོ་བཏང་ནས་ཞིང་ཁ་འདེབས་པ། ཁོང་གི་ཁྱིམ་གྱིས་ཞིང་ཁ་མུའུ་60ལྷག་ཙམ་བཏབ་པར་ན་ནིང་ནས་རྒྱ་མ་ཁྲི་2ལྷག་ཙམ་བསྡུ་ཐུབ་པ་དང་ལོའི་ཡོང་འབབ་སྒོར་ཁྲི་5ལྷག་ཙམ་བྱུང་ཡོད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཧྲེན་ཧུང་པིང་གིས་པར་བླངས།

(经济)(3)西藏日喀则:农民春耕忙

    ཟླ་5ཚེས་4ཉིན། གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་ནོར་ཁྱུང་གྲོང་རྡལ་དམ་འབྱོར་གྲོང་ཚོའི་གྲོང་མི་ཟླ་བ་ཚེ་རིང་གིས་རྨོད་རྒྱག་པ། ཟླ་བ་ཚེ་རིང་ནི་གྲོང་ཚོའི་ཏང་ཡོན་ཡིན་པ་དང་ཁོང་གི་ཁྱིམ་ནས་ས་ཞིང་མུའུ་60ལྷག་ཙམ་བཏབ་པར་ན་ནིང་ནས་རྒྱ་མ་ཁྲི་2ལྷག་ཙམ་བསྡུ་ཐུབ་པ་དང་ལོའི་ཡོང་འབབ་སྒོར་ཁྲི་5ལྷག་ཙམ་བྱུང་ཡོད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཧྲེན་ཧུང་པིང་གིས་པར་བླངས།

(经济)(4)西藏日喀则:农民春耕忙

    ཟླ་5ཚེས་4ཉིན། གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་རྩེ་ཆེན་ཤང་གི་ལོ་32ལ་སླེབས་པའི་ཞིང་པ་བསྟན་འཛིན་གྱིས་འདྲུད་འཐེན་འཁོར་ལོ་བཏང་ནས་ཞིང་ཁ་འདེབས་པ། བསྟན་འཛིན་གྱིས་ན་ནིང་སྒོར་ཁྲི་4ལྷག་ཙམ་བཏང་ནས་ཤར་ཕྱོགས་དམར་པོ་300རྟགས་ཅན་གྱི་འདྲུད་འཐེན་འཕྲུལ་འཁོར་ཞིག་ཉོས་ཡོད། ཁོང་གིས་འདི་ལོ་རང་ཁྱིམ་གྱི་ཞིང་ཁ་མུའུ་20ལྷག་ཙམ་འདེབས་བར་གཟའ་འཁོར་གཉིས་ལས་འགོར་གྱི་མ་རེད་ཅེས་བརྗོད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001390376351