བོད་ལྗོངས།
གཞིས་རྩེའི་དངུལ་རྩའི་སྒྲིག་གཞིས་ཞིང་འབྲེལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ།

    ཉེ་ཆར་གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། འདི་ལོའི་དུས་ཚིགས་དང་པོར་གཞིས་རྩེ་གྲོང་ཁྱེར་གྱི་དངུལ་རྩའི་སྒྲིག་གཞིས་ཞིང་འབྲེལ་དང་། དབུལ་སྐྱོར། ཕྲན་ཚེགས་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་ཡིད་རྟོན་དངུལ་བུན་གྱི་གྲུབ་ཆ་ལེགས་སུ་ཧུར་ཐག་བཏང་ནས། རང་འགུལ་ངང་འབྲེལ་མཐུད་ལ་ཤུགས་སྣོན། དངུལ་རྩའི་ཞབས་ཞུའི་དགོས་མཁོ་ནུས་ཤུགས་ཡོད་རྒུས་སྐོང་བ་བཅས་བྱས་པས་དངུལ་རྩའི་ཞབས་ཞུའི་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། དུས་ཚིགས་དང་པོའི་དུས་མཇུག་བར་གྲོང་ཁྱེར་ཡོངས་ཀྱི་དངུལ་རྩའི་སྒྲིག་གཞིའི་ཞིང་འབྲེལ་ཡིད་རྟོན་དངུལ་བུན་གྱི་ལྷག་གྲངས་སྒོར་དུང་ཕྱུར་134.41ཟིན་པ་དང་དངུལ་རྩའི་གནད་སྨིན་དབུལ་སྐྱོར་དངུལ་བུན་གྱི་ལྷག་གྲངས་སྒོར་དུང་ཕྱུར་48.53ཟིན་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། གྲོང་ཁྱེར་ཡོངས་ཀྱི་དངུལ་རྩའི་སྒྲིག་གཞི་ཁག་གིས་ཁེ་ལས་ཕྲན་ཚེགས་ཀྱི“བརྒྱ་གཉིས་ཀྱི་འཆར་གཞིར”སྐུལ་འདེད་ཧུར་ཐག་བཏང་བ་དང“བསྡུ་དགོས་པའི་དངུལ་གྱི་མ་དངུལ་མཉམ་བསྡུའི་ཞབས་ཞུའི་ལས་སྟེགས”དང“ཁེ་ལས་ཕྲན་ཚེགས་ཀྱི་མ་དངུལ་མཉམ་བསྡུའི་ཞབས་ཞུའི་ལས་སྟེགས”ཁྱབ་གདལ་བཏང་བ་དང་། “ཁེ་ལས་ཕྲན་ཚེགས་ཀྱི་དངུལ་བུན་མྱུར་གཏོང”དང་། “དབུལ་སྐྱོར་ཞིང་ཕྱུག་དངུལ་བུན”སོགས་ཡིད་རྟོན་དངུལ་བུན་གྱི་ཐོན་རྫས་ཁག་གཅིག་ཁྱབ་གདལ་ཧུར་ཐག་བཏང་ནས་དམངས་གཉེར་ཁེ་ལས་དང་ཁེ་ལས་ཕྲན་ཚེགས་ཀྱི་མ་དངུལ་མཉམ་བསྡུའི་དཀའ་ངལ་ནུས་ཤུགས་ཡོད་རྒུས་བསལ་བ་རེད། དུས་ཚིགས་དང་པོའི་དུས་མཇུག་བར། གྲོང་ཁྱེར་ཡོངས་ཀྱི་དམངས་གཉེར་དང་ཁེ་ལས་ཕྲན་ཚེགས་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་74.26ཟིན་པ་ལས། ཁེ་ལས་ཕྲན་ཚེགས་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་48.25ཟིན་པ་དེ་དུས་མཚུངས་ལས་35.52%འཕར་བ་རེད།

    གཞན་ཡང་གཞིས་རྩེ་གྲོང་ཁྱེར་གྱི་དངུལ་རྩའི་སྒྲིག་གཞི་ཁག་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་། གསོ་བ་རིག་པ་དང་། ཟོག་འགྲེམས། ཚོང་དོན་སོགས་ཁྱབ་ཁོངས་ཀྱི་ཡིད་རྟོན་དངུལ་བུན་གྱི་མ་དངུལ་མཉམ་བསྡུའི་དགོས་མཁོ་རང་འགུལ་ངང་འབྲེལ་མཐུད་བྱས་ཏེ་དངུལ་བུན་གཡར་བའི་ཞིབ་མཆན་ལས་རིམ་སྟབས་བདེ་རུ་བཏང་བ་དང་དྲ་ཐོག་དང་དྲ་ཕྱིའི་ཐབས་ལམ་མང་པོ་ནས་ཡིད་རྟོན་དངུལ་བུན་གྱི་མ་དངུལ་མཉམ་བསྡུའི་དགོས་མཁོ་བསྐངས་པ་རེད། ཟླ་4པའི་ཟླ་མཇུག་བར། གྲོང་ཁྱེར་ཡོངས་ཀྱི་དངུལ་ཁང་ལས་རིགས་ཁག་གི་དངུལ་རྩའི་སྒྲིག་གཞིས་སྔ་རྗེས་སུ་ཁེ་ལས་239དང་ཡིད་རྟོན་དངུལ་བུན་གྱི་མ་དངུལ་མཉམ་བསྡུའི་འབྲེལ་མཐུད་བྱས་ཏེ་ཁེ་ལས་194ལ་སྔ་རྗེས་སུ་དངུལ་བུན་སྒོར་དུང་ཕྱུར་29.55གཏོང་བའི་ཞིབ་མཆན་བཀོད་པ་དང་འབྲེལ། ཁེ་ལས་27གྱི་དངུལ་བུན་འཇལ་བའི་དུས་ཚད་ལེགས་སྒྲིག་བྱས་པར་རིམ་རྩིས་བརྒྱབ་ན་ལེགས་སྒྲིག་བྱས་པའི་དངུལ་འབོར་སྒོར་ཁྲི་4767ཟིན་པ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001390698531